e-texts navigator
Collection
Volume
Page
Wylie

273a1 གིས་བརྒྱན་པར་བྱ།། འཇིག་རྟེན་མ་ཡིན་བསླབ་པ་ཡིས།། གོས་གྱོན་གོས་མཆོག་བཟང་པོ་ཡིན།། ག་པུར་ལ་སོགས་མ་ཡིན་པའི།། ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག། དཀར་དམར
273a2 ལ་སོགས་མ་ཡིན་པའི།། དད་པའི་ཁ་དོག་རྣམ་པར་མཛེས།། འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི།། ཞོན་པ་བླ་མེད་འགྱོགས་པའི་མཆོག། བསམ་གཏན་ཆོས་མཆོག་ཟས་མཆོག་ནི།། འབྲས
273a3 ཆན་པས་ནི་རོ་མཆོག་ལྡན།། དགེ་འདུན་ཚོགས་ཀྱི་གཞས་ཡས་ཁང་།། ཞི་གནས་སྟན་ལ་རབ་ཏུ་སྤྱོད།། དེ་དག་ལྡན་ཞིང་ཕྱིར་མི་ལྡོག། དེ་ནི་ཡང་དག་དགེ་སློང་ཡིན།། གཙོ་བོ་གསུམ་དང་འཁོར
273a4 ལྔ་ལྡན་དྲང་སྲོང་སྣོད་བཅས་མཁར་སིལ་ལྡན།། ལུས་ངག་ཡིད་གསུམ་རྣམ་པར་བསྡམས།། རང་གི་སྤྱོད་པ་རྟུལ་ཞུག་བརྟན།། དེ་ཡང་ཡང་དག་དགེ་སློང་ཡིན།། དེ་གཉིས་ཐར་པའི
273a5 གྲོང་ཁྱེར་ལ།། བསྙེན་པས་ཐར་པ་བདེ་བའི་མཆོག། ཡང་དག་མ་ཡིན་ཅིག་ཤོས་ནི།། ལྷུང་བཟེད་ལ་སོགས་རབ་འབར་བའི།། དམྱལ་བའི་ཁྲོ་ཆུ་ལྟ་བུར་ནི།། བསྐལ་པ་སྟོང་ཕྲག་བཞི་རུ་འཚེད།།
273a6 ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ།། ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ།། ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག། ཚུལ་ཁྲིམས་འཆལ་པ་སྡུག་བསྔལ་ཡིན།། ཤིན་ཏུ་ལེགས་པ་ཚུལ་ཁྲིམས་གང
273a7 བསྡམས་པས་མི་དེ་མཛེས་པ་ཡིན།། འདུལ་བ་ལ་ནི་ཉེ་བར་གནས།། ཚུལ་ཁྲིམས་བསླབ་པའི་རང་ཡིད་ཆེས།། མི་དེ་ཉི་མ་གཅིག་ལ་ཡང་། བསོད་ནམས་ཕུང་པོ་དཔག་མེད་པ།། སོག་ཅིང་སངས།།




iiif viewer powered by OpenSeadragon

272b - 273b

Texts on this page

Ng47.8 - dge slong la rab tu gces pa'i mdo zhes bya ba