e-texts navigator
Collection
Volume
Page
Wylie

272b1 ངས་ནི་ཁྱོད་ཀྱི་སེམས་རངས་བྱ་ཕྱིར་དང་།། དགེ་སློང་རྣམས་ལ་ཕན་ཕྱིར་འདི་བཤད་དོ།། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ།། དགེ་སློང་ཞེས་བྱ་རྡོ་རྗེ་སྲོག་ཤིང་ཡིན།། དགེ་སློང་ཞེས་བྱ་རྒྱལ་བའི་སྲས
272b2 པོ་ཡིན། དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོའོ།། དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ།། རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ།། ཆེད་དུ་བྱ་བ་རྣམ་དག་ཚུལ་ཁྲིམས་ཡིན།། དབྱེ་བ་མིང་གི་དགེ
272b3 སྤོང་གང་ཡིན་དང་།། རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ།། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་།། དགེ་སློང་ཞེས་དང་ཟས་སྡོང་དང་།། ཞི་བར་གནས་དང་ལམ་ཞུགས་པའོ།། ལེགས
272b4 པབར་འཚོ་དང་ཆགས་པ་སྤངས།། ཡིད་འོང་ཕྱིར་ན་དགེ་སློང་ངོ་།། དགེ་སློང་ཞེས་བྱ་བརྒྱན་པ་སྟེ།། བརྒྱན་སྤངས་རྒྱན་གྱིས་ལེགས་པར་བརྒྱན།། ཆགས་སྤངས་ཆགས་པ་ཆེན་པོ་སྤྱད།
272b5 བྱུག་པ་ཁྲུས་དང་ཟ་བ་དང་།། བརྒྱན་དང་གོས་དང་ཁ་དོག་དང་། རྟ་དང་གླང་པོ་ཁྱོགས་སོགས་ཀྱི།། ཞོན་པ་ལ་མེད་དེ་ཡང་ཞོན།། དེ་དག་འབྱོར་པ་དགེ་སློང་སྟེ།། དེ་དག་མི་འབྱོར་དགེ་སློང་མིང་།། དེ་ནས
272b6 ཉེ་བའི་འཁོར་དེ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཅི་དེ་བདེ་བར་གཤེགས་པ་ཡིས།། སྐད་དབྱིངས་རྟོགས་པར་དཀའ་བར་གསུངས།། དེ་ཉིད་བདེ་བར་གཤེགས་པ་ཡིས།། ཚིག་གི
272b7 མུན་པ་ཚིག་གིས་ནི།། མར་མེ་གསལ་བར་མཛད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། གསེར་ལ་སོགས་པའི་འཇིག་རྟེན་རྒྱན།། རབ་ཏུ་སྤངས་པའི་སྙིང་རྗེ་ཡི།། བརྒྱན་གྱི་མཆོག




iiif viewer powered by OpenSeadragon

272a - 273a

Texts on this page

Ng47.8 - dge slong la rab tu gces pa'i mdo zhes bya ba