| e-texts navigator |
| Wylie |
271b1 དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ
271b2 སེམས་དཔའ་ཆོས་བདུན་ལ་བསླབ་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་རྟོག་པས་ཀྱང་འདོད་པ་སྟེན་པར་མི་བྱ་ན་དབང་པོ་གཉིས་ཀྱི་གཉིས་སྦྱོར་བ་ལྟ་སྨོས་ཀྱང་ནི་དགོས། ཐ་ན་རྨི་ལམ
271b3 གྱི་ནང་དུ་ཡང་མི་དགེ་བའི་བཤེས་གཉེན་སྟེན་པར་མི་བྱ་བ་དང་འདྲ་བའི་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ་དང་། ཐབས་དང་ཤེས་རབ་ལ་མཁས་པས། ང་རྒྱལ་དང་ངར་འཛིན་པ་མེད་པར་བྱ་བ་དང་།
271b4 དངོས་པོ་དང་དངོས་པོ་མེད་པ་སྤངས་ནས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བརྟན་པོ་དང་ལྡན་པར་བྱ་བ་དང་། ཡང་དག་པར། བདེན་པ་མ་ཡིན་ཞིང་ཀུན་ཏུ་བརྟགས་པ་ཤེས་པས་འཁོར་བ་ལ་སྒྱུ་མ
271b5 དང་རྨི་ལམ་དང་འདྲ་བར་མངོན་པར་བྱ་བ་མ་ཡིན་པ་དང་། རྒྱུ་དང་འབྲས་བུ་ལ་བསྐུར་པ་བཏབ་པར་མི་བྱ་སྟེ། རིགས་ཀྱི་བུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ཆོས་བདུན་པོ་དེ་དག
271b6 ལ་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག
271b7 ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །