| e-texts navigator |
| Wylie |
241b1 ཏུ་རྗེས་འགྲང་ཞིང་། བྱང་ཆུབ་ཞི་པ་སྤྱད་མཆོག་སྤྱོད་པ་ནི།། སེམས་ཅན་རྣམས་ནི་རྟག་ཏུ་འདུལ་བྱེད་པ།། ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།། སངས་རྒྱས་འདྲེན་པ་གཞལ་མེད་དཔག་མེད་ཀྱི།། སྤྱད
241b2 ཁཾ་སྤྱོད་ཆེ་གང་གིས་རིམ་གྲི་དང་།། དེ་བཞིན་མཆོད་པ་མཆོག་དག་བྱས་པ་ནི།། དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་འཛིན་ཏོ།། གང་ཞིག་བསྐལ་པ་བྱེ་བར་ཚངས་སྤྱད་ཅིང་།། འཇིག་རྟེན་མཐའ་ཡས་དོན་ནི་སྔོར
241b3 སྤྱད་པ། གང་ཞིག་ཕྱི་མའི་དུས་སུ་མདོ་སྡེ་འདི།། ཐོས་པའིདབསོད་ནམས་གྲངས་སུ་འགྱུར་བ་ཡིན།། སངས་རྒྱས་འཁྲུག་མེད་ཡང་ན་ཚེ་དཔག་མེད།། སངས་རྒྱས་གཞལ་མེད་དཔག་མེད་དེ་དག
241b4 འདིརར། སེམས་ཅན་སྙིང་པོ་གང་གིས་མཐོང་འདོད་པ།། མདོ་སྡེ་མཛེས་པ་དཔག་མེད་གཟུང་བར་གྱིས།། ཚེ་དཔག་མེད་དང་མི། འཁྲུགས་དྲི་མེད་འོད།། སེང་གེ་དང་ནི་ཏོག་དང་དེ་བཞིན་དུ།། གང
241b5 ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ།། ཕྱི་མའི་དུས་སུ་རྒྱལ་མཆོག་ཆོས་ཟུང་ཤིག། སངས་རྒྱས་བྱམས་པ་དང་ནི་དྲི་མེད་འོད།། བདག་ཉིད་ཆེན་པོ་དང་ནི་སེང་གེ་ཏོག། རབ་སྣང་གཙོ་བོ་དེ་བཞིན་མཐོང་འདོད་པ
241b6 དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་ཟུང་ཤིག། འདི་འདྲའི་མདོ་སྡེ་ཁྱད་པར་འཕགས་མཆོག་དག། རིན་ཆེན་དྲ་བ་ཅན་ལ་ང་ཡིས་བཤད།། ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་ནི།། བག་མེད་གནས་ལ་འདུག་པར་མ་བྱེད་ཅིག།
241b7 ཕྱི་མའི་དུས་ཀྱི་ཆེ་རུ་གྱུར་པ་ན།། ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་ཆོས་དང་།། དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས།། རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་།། རིན་ཆེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས།།