e-texts navigator
Collection
Volume
Page
Wylie

241a1 ངག་ལ་དབུལ་བར་བྱེད།། སྣང་བ་མཛད་པ་ཐམས་ཅད་མཁྱེན་ཅིག་གི།། མཆོད་རྟེན་གཅིག་ལ་སིལ་བསྟན་བྱེ་བ་སྟོང་།། དཀྲོལ་ཅིང་གུས་པའི་མི་ནི་ས་ཡ་དག། བྱེ་བ་ཕྲག་སྟོང་ཚང་བ་འབུལ་བར་བྱེད།
241a2 མེ་ཏོག་གདུགས་བརྒྱ་མཆོད་པ་རྟེན་ལ་འབུལ་བ།། ཐུབ་པ་ཆེ་ལ་དེ་འདྲིའི་མཆོད་པ་ཉིན་གཅིག་བཞིན།། གང་གའི་བྱེ་སྙེད་བསྐལ་པ་སྟོང་དུ་བྱེད་པ་བས།། གང་ཞིག་མདོ་སྡེ་འདི་ལས་ཚིགས་བཅད་གཅིག་ཐོས་ནས།།
241a3 སོམ་ཉི་མེད་ཅིང་འདུན་པ་བསྐྱེད་བྱེད་ལ།། རྒྱལ་བའི་མཚན་འདི་དག་ཀྱང་བརྗོད་བྱེད་ན།། དེ་བས་བསོད་ནམས་འདི་ནི་བླ་མེད་མཆོག། མཁས་པ་ཏིང་ངེ་འཛིན་གྱི་མིང་ཐོས་ཤིང་།། ཚུལ་ཁྲིམས་སྐྱོན་མེད་མཚན་འདི་འཛིན
241a4 པ་དང་། དེ་བཞིན་སངས་རྒྱས་ལ་ནི་མཆོད་བྱེད་པ།། དེས་ནི་གང་གའི་བྱེ་སྙེད་སངས་རྒྱས་མཐོང་།། ཐུབ་ཆེན་རྐང་གཉིས་མཆོག། གྱུར་དེ་དག་ལ། མཆོད་པ་འང་ཡིད་ཀྱིས་བྱས་ནས་ནི།། རྟག་ཏུ
241a5 མྱོས་མེད་ཆོས་ཀྱང་སྟོང་བྱེད་ཅིང་།། བསྐལ་པ་བྱེ་བར་དེ་ནི་རྨོངས་མེད་འགྱུར།། འཇིག་རྟེན་མགོན་པོས་མདོ་མཆོག་རྒྱལ་པོ་འདི།། སྟོན་པའི་ཚེ་ན་གང་གིས་སྔོན་མཐོང་བ།། རྒྱལ་བ་མཆོག་ལས
241a6 འདི་ནི་ཐོས་གྱུར་ནས།། ཕྱི་མའི་དུས་སུ་དེ་ནི་དགའ་བས་འཛིན།། དྲི་ང་ཕྱི་སའི་བུམ་པ་མིས་འདོར་ལྟར།། འདོད་པ་སྐྱོན་དུ་བགྲང་བ་སྤོང་བྱེད་ཅིང་།། མཁས་པ་ངེས་འབྱུང་ཞི་ལ་མངོན་དགའ་སྟེ།། རྟག་ཏུ་མྱོས་མེད་དགོན
241a7 པསྟེན་པར་བྱེད།། ཡངས་པའི་གྲོང་ཁྱེར་མཆོག་ཏུ་གནས་ནས་སུ།། དེ་ནི་གཤད་ཚེ་གང་གིས་ང་མཐོང་ཞིང་།། འདྲ་བ་འང་ང་ལ་མཆོད་བྱེད་མཐོང་བ་ནི།། ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།། ངའི་བུ་གང་ཞིག་རྟག།




iiif viewer powered by OpenSeadragon

240b - 241b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo