e-texts navigator
Collection
Volume
Page
Wylie

240b1 མགོན་པོ་རྫོགས་སངས་རྒྱས།། འོད་མཛད་གང་གིས་འདིར་མཐོང་བ།། ཕྱི་མའི་དུས་སུ་དེས་མཐོང་ནས།། ཞེས་གུས་པར་བྱེད་པར་འགྱུར།། གལ་ཏེ་ཞིང་རྣམས་བྱེ་བ་ན།། སེམས་ཅན་གང་འཁོར་དེ་དག་ནི།། སངས་རྒྱས
240b2 ཡེ་ཤེས་ལྡན་གྱུར་ལ།། གང་ག་ཡི་ནི་བྱེ་མ་སྙེད།། བསྐལ་པ་བྱེ་བ་བརྒྱ་དག་ཏུ།། རིམ་གྲོ་དག་ནི་བྱེད་པ་དག། ཇི་ལྟར་སྟོང་དེ་ཀྱི་ནི་འཇིག་རྟེན་ཁམས།། དེ་སྙེད་དག་གིས་གཙུག་ལག་ཁང་མཆོག་ནི།། དབུལ་བྱ་ལྷ
240b3 ཡི་ཙན་དན་དག་ལས་བྱས།། ལྷ་ཡི་གཙུག་ལག་ཁང་མཆོག་རེ་རེ་ལ་ཡང་།། བྱེ་བ་ཕྲག་སྟོང་དག་གི་ཁང་བཟངས་བྱས།། དབུལ་བྱ་ལྷའི་རིན་ཆེན་དག་ལས་བྱས།། རེ་རེ་ལི་ཁྲི་དག་བཤམས་ནས་རིམ་གྲོ་བ།། བྱེ་བ
240b4 ཕྲག་བརྒྱ་ཤིན་ཏུ་ཚང་བར་བཀོད།། མཁས་པས་དེ་ཚེ་རིན་ཆེན་དྲ། བ་དག། བླངས་ནས་དེ་ཚེ་ཁྲི་རེ་བརྒྱན་པ་རྣམས།། གང་གི་བྱེད། སྙེད་བསྐལ་པ་བྱེ་བ་རྒྱར།། ཐུབ་ཆེན་འཇིག་རྟེན་སྤྱོད་པ་བཞུགས
240b5 པ་ཡི། སངས་རྒྱས་གཅིག་ལ་དབུལ་བྱ་དབུལ་བ་དང་།། ཇི་ལྟར་གང་གའི་ཀླུང་གི་བྱེ་མ་སྙེད།། ཡོངས་སུ་མྱ་ངན་འདས་ཀྱི་མཆོད་རྟེན་བྱས།། ཇི་ལྟར་སྟོང་ཆེན་འཇིག་རྟེན་གྱི་ཁམས་རྣམས་སུ།། སངས
240b6 རྒྱས་གཅིག་གི་མཆོད་རྟེན་བྱས་པ་ནི།། རིན་ཆེན་རང་བཞིན་ལྷའི་སྒོ་སྟོང་ལྡན།། ཤིན་ཏུ་ལེགས་པ་སྲིད་པའི་རྩེ་སྲིད་མཐོ།། ཇི་ལྟར་གང་གའི་ཀླུང་གི་བྱེ་སྙེད་ཀྱི།། གདུགས་ནི་མཆོད་རྟེན་གཅིག་ལ་དབུལ་བར་བྱས།། དེ
240b7 ཚེ་རེ་རེའི་གདུགས་ལ་མུ་ཏིག་གི་བརྒྱན་ཕྲེང་བྱེ་བ་རྣམས་ཀྱང་ཀུན་ཏུ་བཀྲམ།། ཇི་ལྟར་གང་གའི་ཀླུང་གི་བྱེ་མ་སྙེད།། བྱེ་བའི་འཕན་དང་རིན་ཆེན་སྣ་ཚོགས་ཀྱི།། རྒྱལ་མཚན་བྱེ་བ་ཕྲག་སྟོང་གང་ག་ཡི།། ཇི་སྙེད་མཆོད་རྟེན




iiif viewer powered by OpenSeadragon

240a - 241a

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo