| e-texts navigator |
| Wylie |
240a1 གའི་བྱེ་ཅི་སྙེད་པ། དེ་སྙེད་མཆོད་པ་དག་གིས་མཆོད།། རིན་ཆེན་དྲ་བ་ཅན་གྱི་ཕྱིར།། མདོ་འདི་བཤད་པ་སུས་རིག་པ།། བྱང་ཆུབ་ལས་ནི་མི་ལྡོག་སྟེ།། སངས་རྒྱས་སྨྲ་བའི་མཆོག་ཏུ་འགྱུར།། གང་ཞིག་མང
240a2 འཛིན་པ་ཡི།། བསོད་ནམས་ཕུང་པོའི་ཚད་དག་ནི།། འདི་སྙེད་རྫོགས་པར་འགྱུར་རོ་ཞེས།། དེ་ལྟར་བཤད་པར་མི་ནུས་སོ།། ཕྱོགས་བཅུའི་འཇིག་རྟེནས་དང་ཆུ།། མེ་དང་རླུང་གི་ཚད་དག་ནི།། འདི་ཙམ་ཞེས་ནི་བཤད
240a3 བར་ནུས་བསོད་ནམས་ཕུང་པོ་བཤད་མི་ནུས།། དགེ་སློང་འམ་ནི་ར་དགེ་སློང་མ།། དགེ་བསྙེན་འམ་ནི་དགེ་བསྙེན་མ།། གང་གིས་མ་སྡེ་འདི་ཐོས་པ།། ལྔ་དང་ཀླུ་དང་ལྟོ་འཕྱེ་ཆེ།། སེམས་ཅན་ཐམས
240a4 ཅད་ཉེར་ལྷགས་པས།། དེའི་གཟི་བརྗིད་མི་བཟོད་དེ།། མེ་ནི་བསིབར་གྱུར་སྲིད་ཀྱི།། དེའི་གཟི་བརྗིད་ཉམས་པ་མེད།། མདོ་སྡེ་འདི་ནི་གང་འཛིན་པ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། སེམས་ཅན་ཀུན
240a5 གྱིས་བསྟེན་བྱ་ཞིང་།། བྱང་ཆུབ་སེམས་ལའང་མཆོད་པ་བྱེད།། གང་ཞིག་སྟོབས་དང་ལྡན་པའི་མིས།། བྱེ་བ་སྟོང་དུ་བཤགས་པ་ཡི།། སྲས་རྩེས་སྣོང་གི་འཇིག་རྟེན་ཁམས།། བསྐོལ་པ་བྱེ་བར་གཟུང་བ་བས།།
240a6 གང་ཞིག་ཕྱི་མའི་དུས་དག་ཏུ།། སངས་རྒྱས་བྱང་ཆུབ་གླེང་བཞི་ནི།། འདི་འདྲའི་རྣམ་པས་ཐོས་ནས་སུ།། གཞན་དག་ལ་ཡང་སྟོན་བྱེད་ན།། གང་ཞིག་སྔར་ནི་རབ་བསྒྲགས་པ།། འདི་ཡི་ངོ་མཚར་ཆེན་པོ་ཡི།།
240a7 བརྒྱ་དང་གྲངས་དང་བགྲང་བ་དང་།། དཔེར་ཡང་འགྱུར་བ་མ་ཡིན་ནོ།། ཕྱི་མ་ཡི་ནི་དུས་དག་ཏུ།། འདི་འདྲའི་རྣམ་པ་སེང་གེའི་སྒྲ།། བསྟན་པ་བླ་མེད་ཐོས་གྱུར་ཀྱང་།། འགལ་བྱེད་དོན་མི་འགྱུར་བར་འོང་།། འཇིག་རྟེན