| e-texts navigator |
| Wylie |
238b1 དགལ་བ་དང་ཡིད་བདེ་བ་སྐྱེས་ནས་དེའི་ཚེས་ཆེན་པོ་གཡོས་པར་གྱུར་ཏོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་དགའ་བ་དང་། དགེ་བའི་རྩ་བ
238b2 བསྐྱེད་པའི་སྣང་བ་ཆེན་པོར་འབྱུང་བར་གྱུར་ཏོ།། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ནམ་མཁའ་ལ་འཁོད་ནས། ལྷའི་འཛམ་བུ་ཆུ་བོ་གསེར་གྱི་ཕྱེ་མ་རྣམས་ཀྱི་གཏོར་ཏོ།། ཚངས་པ་བྱེ་བ་ཁྲག་ཁྲིག་འབྲུ
238b3 ཕྲག་དུ་མ་དག་གིས་ཀྱང་། ལྷའི་ཙན་དན་དམར་པོའི་ཕྱེ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར།། མངོན་པར་གཏོར་མངོན་པར་རབ་ཏུ་ཏོ།། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་།
238b4 ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་དཀར་པོ་དང་། མན་དྷ་ར་བ་དང་། མན་དཱ་ར་བ་ཆེན་པོས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ།། ལྷ་བྱེ་བ་ཁྲག
238b5 ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་། རིན་པོ་ཆེའི་གདགས་སྟོང་ཕུའོ།། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དུས་དེ་སྔོན་གྱི་གན
238b6 བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་རྗེས་སུ་དྲན་ནོ།། འདི་ལྟ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་ཀྱང་ཆོ་འཕྲུལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་རབ་ཏུ་བསྟན་ཏེ། དེ་ལ་འདི་སྐད་ཅེས
238b7 བྱ་སྟེ། བྱེ་བ་བརྒྱ་ཕྲག་དུ་མ་ཡི།། ལྷ་རྣམས་ཁོ་ར་ཁོར་ཡུག་ནས།། ཙན་དན་དམར་པོ་ཞིབ་མོ་ཡིས།། རྫོགས་སངས་རྒྱས་ལ་འཐོར་བར་བྱེད།། བརྒྱ་བྱིན་བྱེ་བ་ཕྲག་སྟོང་དག། མཁའ་ལ་གནས་ནས་འཛམ་བུ་ཡི།