| e-texts navigator |
| Wylie |
238a1 ལ་ཡང་མཚན་གྱི་ཚོགས་གྲངས་མེད། བསམ་གྱིས་མི་ཁྱབ་པ་ཡོད་དེ། འདི་ལྟར་དེ་བཞིན་གཤེགས་པ་ལེགས་པར་རབ་ཏུ་ཞི་བའི་དཔལ་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་དང་།
238a2 དེ་བཞིན་དུ་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱི་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ
238a3 བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་ས་ལ་འི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པ་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ
238a4 ཞེས་བྱ་བ་རྣམས་ཏེ། དེ་བཞིན་གཤེགས་པ་གཅིག་གི་མཚན་ཇི་ལྟ། བར་དེ་བཞིན་གཤེགས་པ་སོ་སོ་སོའི་མཚན་ཡང་དེ་དང་འདྲ་བར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལཕྲ
238a5 སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། དེ་བཞིན་དུ་ལྷོ་ཕྱོག་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་འོག་གི་ཕྱོག་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཏེ། དེ་ལྟར་ཕྱོགས་བཅུ
238a6 ཀུན་གྱི་ཕྱོགས་རེ་རེ་ན་དེ་བཞིན་གཤེགས་པའི་མཚན་གཅིག་པའི་ཡང་གྲངས་མ་མཆིས་ལ། དེ་བཞིན་གཤེགས་པའི་མཚན་ཐ་དད་པ་ཡང་བཞུགས་སོ།། བཀའ་བསྩལ་པ། གཞོན་ནུ་ཁྱོད་ཀྱིས་འཁོར
238a7 ལོས་བསྒྱུར་བའི་རྒྱལ་སྲིད་ལ་གནས་པ་དེ་བས་ཀྱང་ཆེས་ལྷག་པའི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། དེ་ནས་ལི་ཙ་བྱི་གཞོན་ནུ་རིན་ཆེན་དྲ་བ་ཅན་མགུ་ཞིང་དགའ་ལ་ཡི་རངས། རབ་ཏུ་དགའ་ཞིང