e-texts navigator
Collection
Volume
Page
Wylie

237b1 པར་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཇི་ལྟ་བུས། བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བྱུང་སྟེ། ཤར་ཕྱོགས་ཀྱི།
237b2 འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྣང་བར་གྱུར་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་དག་སྐྱེས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་འདི་མཐོང་བ་དང་།
237b3 སངས་རྒྱས་ཀྱི་ཞིང་འདི་ན།། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་སེམས་ཅན་གང་དག་འདུས་པ་དེ་དག་གིས་ཀྱང་།། སངས་རྒྱས་ཀྱི་ཞིང་དེ་མཐོང་བ་དང་།། དེའི་ཚེ་གང་གའི་ཀླུང་གི་བྱེ
237b4 སྙེད་དགུ་བཅུ་རྩ་དགུ་རྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལའོ་བཞི་པོ་ལ་སྣང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ།། དེ་ནས་བཅོམ་ལྡན
237b5 འདས་ཀྱིས་ལི་ཚ་བྱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་བཀའ་བསྩལ་པ། གཞོན་ཁྱོད་ཀྱིས་སྟེང་གི་ཕྱོགས་ལོགས་ན།། སངས་རྒྱས་བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱབ་པ། འདི་ལྟར་གཞལ
237b6 གྱིས་མི་ཡང་བ། འདི་ལྟར་ཐུབ་པ་མེད་པ་འདི་ལྟར་ཚད་མེད། འདི་ལྟར་བརྗོད་ཀྱིས་མི་ལང་བ་དེ་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགསསོ།། །
237b7 བཀའ་བསྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷ་དང་མི་རྣམས་ཀྱི་མིང་གི་ཚོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཆེས་མང་སྟེ། རེམ




iiif viewer powered by OpenSeadragon

237a - 238a

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo