e-texts navigator
Collection
Volume
Page
Wylie

237a1 དེ་འདྲའི་བསོད་ནམས་ཕུང་པོ་ཡི། ཚད་ནི་བཤད་པར་མི་ནུས་སོ།། དེ་ལྟར་མཚན་འདི་ཐོས་པ་ནི།། ཕྱི་དུས་དག་ནི་མང་པོར་ཡང་།། བླ་མེད་སངས་རྒྱས་ཡེ་ཤེས་ལ།། དེར་ནི་སོམ་ཉི་ཟ་མི་བྱེད།། གང་གིས་རྫོགས་སང་།
237a2 རྒྱས་མཐོང་ནས། བཀུར་བསྟི་རིམ་གྲོ་བྱས་པ་ནི།། ཕྱི་མའི་དུས་སུ་མདོ་སྡེ་འདི།། དེའི་ལག་ཏུ་འཐོབ་པར་འགྱུར།། ང་ནི་བྱང་ཆུབ་སེམས་དཔའ་ཡིས།། བསྐོར་དང་དྲ་བ་ཅན་གསུམ་མཐོང་།། ཕྱིས་ན་མདོ་སྡེ་འདི་ཐོས་ནས
237a3 དེ་ལ་སོམ་ཉི་ཟ་མི་འགྱུར།། དེ་བཞིན་གཤེགས་པ་དཔག་མེད་དེ།། སངས་རྒྱས་ཆོས་ལ་ཐེ་ཙོམ་སྤོངས།། འདི་ལྟར་སྔོན་གྱི་སྤྱད་པ་ནི།། བསྐལ་པ་བྱེ་བ་མང་བརྒྱར་སྤྱད།། ལག་པ་རྐང་པར་གཏོང་བ་དང་།། རྣ་བ་སྟ་དང
237a4 མགོ་བོ་དང་།། བུ་ཕོ་བུ་མོ་ཡུལ་འཁོར་དག། བྱིན་པ་ཡིད་ནི་མི་དགའ་མེད། གང་ཞིག་མདོ་སྡེ་འདི་ཐོས་པ།། ཕྱི་མའི་དུས་ན་རྙེད་ནས་ནི། གཞན་དག་ལ་ཡང་སྟོན་བྱེད་ན།། དེ་ནི་མཆོད་པའི་འོས་སུ
237a5 འགྱུར། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་པ།། མངོན་རྫོགས་བྱང་ཆུབ་འདོད་གང་གིས།། ནམ་ཡང་འཇིག་རྟེན་མགོན་པོ་ཡི།། བསྟན་ལ་སོམ་ཉི་མ་ཟ་ཤིག། དེ་ལྟར་མདོ་སྡེ་འདི་ཐོས་ནས།། གཡོ་སྒྱུ
237a6 མེད་པའི་མིས་ཟུང་ལ།། འཆག་པོ་དག་ཏུའང་ཡང་དང་ཡང་།། མདོ་སྡེ་འདི་ནི་བརྗོད་པར་གྱིས།། བརྗོད་བྱས་ཟླ་བ་གསུམ་དག་ཏུ།། ཚང་བར་ཤིན་ཏུ་ཡང་བརྗོད་ན།། ཆོས་རྣམས་ཐམས་ཅད་འཛིན་བྱེད་པའི།། གཟུངས་ཀྱི
237a7 ཤེས་ཐོབ་པར་འགྱུར།། དེ་ནས་ལི་ཚ་བྱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་རིག་ནས་རིན་ཐང་མེད་པའི་རས་བཅོས་བུ་གསེར་གྱིས་བརྒྱན་པ་ཟུང་ཤིག། བཅོམ་ལྡན་འདས་ལ་མངོན




iiif viewer powered by OpenSeadragon

236b - 237b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo