| e-texts navigator |
| Wylie |
236b1 བསྔལ་གྱིས་གོས་པར་མི་འགྱུར། སྲིང་མོའི་སྡུག་བསྔལ་གྱིས་གོམས་པར་མི་འགྱུར། ནམས་ཀྱང་མཛའ་བ་དང་། གཤེས་གཉེན་དང་། བློན་པོ་དང་། སྟག་གི་གཉེན་མཚམས་ཀྱི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། རྣམས
236b2 ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལུས་མ་བརྒྱན་པར་མི་འགྱུར། ནམས་ཀྱང་འདོད་ཆགས་ཞེ་སྡང་གཏི་མུག་མང་བར་མི་འགྱུར། ནམས་ཀྱང་ནད་མང་བར་མི་འགྱུར། ནམས་ཀྱང་མྱ་ངན་མང་བར་མི་འགྱུར།
236b3 བདེ་བ་མཐའ་ཡས་པས་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་ལ་ཐུག་གི་བར་དུ་ཡོན་ཏན་མཐའ་ཡས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པས་ཡོངསུ་བཟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད
236b4 ཚིགས་སུ་གཅད་པས་བཀའ་བསྩལ་པ། གང་ཞིག་འཇིག་རྟེན་མགོན་པོའི་མཚན།། ཐོས་ནས་སོམ་ཉི་མི་ཟ་བ།། ནམས་ཀྱང་ཕ་མ་གཉེན་འདུན་གྱི། ཚོགས་ཀྱི་སྡུག་བསྔལ་མི་མཐོང་ངོ་།། སྟེང་གི་ཕྱོགས་ན
236b5 རྐང་གཉིས་མཆོག། འཇིག་རྟེན་སྟོན་པར་མཛད་པ་བཞུགས།། སྲིད་གསུམ་གསལ་བར་མཛད་ནས་སུ།། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། རྫོགས་སངས་རྒྱས་པའི་མཚན་ཐོས་ནས།། དེ་ནི་གཞན་རྣམས
236b6 རབ་བསྟན་ན།། རྟག་ཏུ་སུམ་བཅུ་རྩ་གཉིས་ཀྱི།། མཚན་དག་གིས་ནི་བརྒྱན་པར་འགྱུར།། གང་ཞིག་ཐུབ་པའི་མཚན་འཛིན་ན།། དེ་ནི་ཤེས་རབ་མི་ཉམས་ཤིང་།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། བྱང་ཆུབ་སེམས་པཱ་ལ་ཡང་མཆོད
236b7 སངས་རྒྱས་ཀྱི་ནི་མཚན་བསྟན་པས།། ཕྱིས་ནི་བྱང་ཆུབ་སྤྱོད་པ་ན།། སངས་རྒྱས་བྱེ་བ་བསམ་མི་ཁྱབ།། ཤེས་རབ་ཅན་གྱིས་རྟག་མཆོད་འགྱུར།། སངས་རྒྱས་མཚན་འདི་གང་ཐོས་ནས།། གཞན་རྣམས་ལ་ཡང་རབ་སྟོན་ན།།