e-texts navigator
Collection
Volume
Page
Wylie

236a1 གོམས་བྱེད་དེ་ནི་རྗེས་མཐུན་བཟོད་པ་འཐོབ།། ལྷའི་མིག་ཐོབ་ཇི་ལྟར་ང་ཡིས་ནི།། སངས་རྒྱས་མར་མེ་མཛད་མཐོང་མེ་ཏོག་གིས།། གཏོར་བ་བྱས་ནས་བཟོད་པ་ཐོབ་གྱུར་པས།། དེ་འདྲའི་བཟོད་པ་དག་ནི་འཐོབ་པར
236a2 འགྱུར། འཇིག་རྟེན་འགོན་པོ་འོད་མཛད་ཐུབ་པ་ཡིན།། མཚན་འདི་ཐོས་ནས་སུ་ཞིག་ལུང་མི་ནོད།། གཞན་དུ་གང་ཞིག་མུ་སྟེགས་ཅན་གྱུར་པ་འམ།། ཕྲ་དོག་དག་གིས་ཉམས་པའི་མི་མ་གཏོགས།། འདྲེན་པ་སངས་རྒྱས་ཀྱི་ནི
236a3 མངོན་སུམ་དུ།། འདི་འདྲའི་མདོ་སྡེ་བཤད་པ་སུས་ཐོས་པ།། དེ་ནི་ཕྱི་དུས་དག་ཏུ་འདི་འཛིན་ཅིང་།། གཞན་དག་ལ་ཡང་རབ་ཏུ་སྟོན་པར་བྱེད།། གཞོན་ནུ་སྟེང་གི་ཕྱོགས་ན།། སངས་རྒྱས་ཀྱི་ཞིང་འདི་ནས་གཞོན་ནུ་དཔེ་སྔ
236a4 མ་ལྟ་བུ།། དེ་ལས་གང་གའི་ཀླུང་གི་བྱེ་མ་སྙེད་འདས་ནས། འཇིག་རྟེན་གྱི། ཁམས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ཞིག་ཡོད་དེ།། དེ་ན་དེ་བཞིན།། གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
236a5 རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ཞིག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང
236a6 ལ་ལ་ཞིག་དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་དེའི་མཚན་ཐོས་ནས། སོམ་ཉི་མ་ཟ་ལ། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ་ནས
236a7 ཀྱང་བརྩོན་འགྲུས་དམན་པར་མི་འགྱུར། ནམས་ཀྱང་འདོད་པ་ལ་སྟེན་པར་མི་འགྱུར། ནམས་ཀྱང་མའི་སྡུག་བསྔལ་གྱིས་གོས་པར་མི་འགྱུར་རོ།། ཕའི་སྡུག་བསྔལ་དང་། གཉེན་གྱི་སྡུག་བསྔལ་དང་། སྤུན་གྱི་སྡིག




iiif viewer powered by OpenSeadragon

235b - 236b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo