| e-texts navigator |
| Wylie |
235b1 གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར།། ལས་དྲང་པོ་པའི་བྱང་ཆུབ་སེམས་དཔའ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུར་འཁོར་བ་ལས་ཕྱིར་ཕྱོགས་ནས། བླ་ན
235b2 མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིགས་སུ་གཅད་པས་བཀའ་བསྔལ་བ། གང་ཞིག་འཇིག་རྟེན་རྣམ་འདྲེན་སངས་རྒྱས་ཀྱི།། ཡོན་ཏན་རྒྱ་མཚོའི་མཚན
235b3 མཆོག་ཐོས་གྱུར་པ།། དེས་ནི་སངས་རྒྱས་བྱེ་བ་ཁྲི་རྣམས་ལ།། མྱུར་དུ་མཆོད་པ་བླ་མེད་རབ་དུ་བྱེད།། མཐའ་ཡས་དྲི་མེད་ཁྱབ་པར་མཆོད་བྱས་ཤིང་།། སྲིད་པ་ཀུན་ཏུ་སངས་རྒྱས་ཀྱི།། ཉི་མ་མཛད་པའི་སྤྱད་པ་སྤྱད་ནས
235b4 སུ་ཕྱིས་ནི་བྱང་ཆུབ་དྲན་དབང་དེས་རེག་འགྱུར།། ཇི་ལྟརགང་གའི་བྱེ་སྙེད་རྣམ་པར་འདྲེན།། མང་པོ་དག་གིས་ཚེ་གཅིག་གིས་མཆོད་དེ།། ཀུན་ནས་འོད་ཟེར་ཏིང་ངེ་འཛིན་ཐོབ་ནས།། ཕྱིས་ནི
235b5 བྱང་ཆུབ་མྱ་ངན་མེད་རེག་འགྱུར།། བྱང་ཆུབ་དྲི་མེད་བདག་ཉིད་ཆེ་ཐོབ་ནས། ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་བསྐོར།། སེམས་ཅན་སངས་རྒྱས་བྱང་ཆུབ་མཆོག་གཞག་ནས།། ཆར་ཆུས་མེ་བསད་ལྟར
235b6 ནི་མྱ་ངན་འདའ།། རྐང་གཉིས་འདྲེན་པའི་མི་འགྱུར་ཁ་ལོ་བསྒྱུར།། བསོད་ནམས་ཞིང་སྟེ་བསོད་ནམས་ཕུང་པོ་གཅིག། དེ་ལ་མི་ཡིས་དད་པ་ཙམ་བསྐྱེད་ན།། སྐད་ཅིག་གིས་ནི་མི་ཁོམ་ཐམས་ཅད་སྤོང་།། གང་ཞིག་བདེ
235b7 བར་གཤེགས་ཀྱི་མཚན་འདོན་པ།། མི་ལུས་པ་དལ་བ་གཅིག་ཐོབ་ནས།། མཐའ་ཡས་རྒྱ་མཚོ་དེ་བཞིན་གཤེགས་བཞུགས་ལ།། མིའི་མཁས་པ་བསོད་ནམས་རབ་ཏུ་བྱེད།། སངས་རྒྱས་མཚན་ནི་སྟོང་ཕྲག་བརྒྱ་ཙམ་དུ