e-texts navigator
Collection
Volume
Page
Wylie

234b1 དུ་མ་དག། མཐོང་ནས་དེ་དག་ལ་ནི་མཆོད་པ་བྱེད།། དེ་སྙེད་སངས་རྒྱས་དེའི་ཚེ་གཅིག་གིས།། སངས་རྒྱས་མཆོད་པ་རྒྱལ་བ་མྱ་ངན་འདའ།། བྱང་ཆུབ་དམ་པ་སྤྱོད་མཆོག་སྤྱོད་པ་ན།། གང་གིས་སྐྱེས་བུ་ཁྱུ་མཆོག་མཚན་ཐོས་ན།
234b2 ནམས་ཀྱང་སོམ་ཉི་མེད་ཅིང་འཛིན་བྱེད་ན།། དེ་འདྲའི་ཁྱད་པར་དེ་ཡིས་འཐོབ་པར་འགྱུར།། གང་གིས་མཚན་མཆོག་གཙོ་བོ་འདི།། ཐོས་ནས་སོམ་ཉི་མི་ཟ་བ།། རང་འབྱུང་ཡེ་ཤེས་སངས་རྒྱས་ཉིད་འགྱུར་ཞིང་།། མཁས
234b3 བས་དབྱངས་བསྟན་ཏིང་འཛིན་འཐོབ་པར་འགྱུར།། བྱང་ཆུབ་དམ་པ་སྤྱད་མཆོག་སྤྱོད་པ་ན།། དག་པའི་བདག་ཉིད་སྐྱེས་པའི་དབང་པོ་འཐོབ་ས་ཡོན་ཏན་ཀུན་དང་ལྡན་ཞིང་མཛེས་པ་སྟེ།། དེ་འདྲའི་ཁྱད་པར་དེ་ཡིས
234b4 འཐོབ་པར་འགྱུར།། ཕྱོགས་རྣམས་ཀུན་ནི་རབ་ཏུ་སྣང་བྱེད་ཅིང་།། ས་ཡ་མཐའ་ཡས་ཞིང་དུ་སོང་ནས་སུ།། འཇིག་རྟེན་སྤྱོད་པ་ཐུབ་པ་ཆེ་མཐོང་ནས།། མྱ་ངན་བྲལ་ཏེ་བྱང་ཆུབ་ཕྱིས་རེག་འགྱུར།
234b5 ཐུབ་དབང་ཆེན་པོ་དེ་བཞིན་གཤེགས་པ་ནི།། དེའི་མཚན་འདི་ཐོས་ནས་རྫུ་འཕྲུལ་མཆོག། དེ་འདྲའི་ཁྱད་པར་དག་ནི་ཐོབ་པར་འགྱུར། བྱང་ཆུབ་འདོད་པ་གཞན་ཡང་འཐོབ་པ་ནི།། དྲི་བྲལ་བྱང་ཆུབ་འདུན་པ
234b6 བསྐྱེད་ནས་སུ།། རྒྱལ་བའི་མཚན་འདི་གཞན་ལའང་སྒྲོགས་པ་བྱེད།། ཟླ་བའི་དཀྱིལ་འཁོར་རབ་ཏུ་གསལ་བ་ལྟར།། དེའི་ཡོན་ཏན་དག་ཀྱང་དེ་འདྲར་འགྱུར།། སེམས་ཅན་མང་པོ་དུ་བསམ་མི་ཁྱབ།། བྱང་ཆུབ་མཆོག་ལ
234b7 མཁས་པ་དེ་ཡིས་འཇོག། བཟླ་བ་མཁའ་ལ་གནས་པའི་གཞལ་མེད་ཁང་།། འོད་ཟེར་མང་པོ་བསགས་པས་མཛེས་པ་ལྟར།། གང་ཞིག་དེ་བཞིན་གཤེགས་པའི་མཚན་འཛིན་པ།། དེའི་ལུས་ཀྱང་དེ་འདྲའི་རྣམ




iiif viewer powered by OpenSeadragon

234a - 235a

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo