e-texts navigator
Collection
Volume
Page
Wylie

234a1 ཀྱི་བུ་མོ་གང་ལ་ལ་ཞིག། དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ཞིང་། ངས་མཐོང་བ་ལ་ཡང་ཡིད་ཆེས་ནས། དེ་ཚེ་འདས་པའི་འོག་ན་རིན་ཆེན་འབྱུང་གནས་ཞེས
234a2 བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར།། གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་བར་འགྱུར། དེ་སྙེད་ཀྱི་བསྐལ་པ་བྱེ་བར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར།། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད
234a3 ཁ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་དབྱངས་སྙན་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ།། བུད་མེད
234a4 གང་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི། དཀྱིལ་འཁོན་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ཞིང་།། ཐེ་ཙོམ་མི་བསྐྱེད་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས
234a5 པའི་འོག་ཏུ་བུད་མེད་ཀྱི་དབང་པོ་རྣམ་པར་སྤངས་པར་འགྱུར་ཞིང་སྐྱེས་པའི་དབང་པོ་འཐོབ་པར་འགྱུར། སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་འཇོག་པར་འགྱུར།། དབྱང
234a6 བསྟན་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར། བླ་ནི་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་གཅད་པ་འདི་དག
234a7 བཀའ་བསྩལ་ཏོ།། གང་ཞིག་རྐང་གཉིས་དམ་པ་དེའི་མཚན།། ཐོས་ནས་ནམས་ཀྱང་སོམ་ཉི་མི་ཟ་བ།། བསྐལ་པ་བྱེ་བ་གང་གའི་བྱེ་མ་སྙེད།། དེས་སྤངས་མྱ་ངན་མེད་པའི་སྐྱེས་པར་འགྱུར།། གང་གའི་བྱེ་སྙེད་སངས་རྒྱས




iiif viewer powered by OpenSeadragon

233b - 234b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo