| e-texts navigator |
| Wylie |
231b1 ཐོབ་འགྱུར་ཞིང་།། ཤིན་ཏུ་རྨོངས་པ་མེད་པར་འགྱུར།། ཆོས་རྣམས་དང་ནི་གསོབ་དང་འདྲ།། ཐམས་ཅད་སྟོང་ཞིང་བདག་མེད་དོ།། བརྩོད་པ་མེད་ཅིང་རྨོངས་མེད་པ།། དེ་སྐད་དེ་བཞིན་གཤེགས་པ་གསུང་།། གཞོན།
231b2 ནུ་ལྷོ་ཕྱོགས་ལོགས་ན་ནི།། གཞོན་དཔེའ་སྔ་མ་ལྟ་བུ་ལས།། ཉིས་གྱུར་གྱི་རྡུལ་ཕྲ་མོའི་རྡུལ་བགྲངས་མེད་པའི་ཚུལ་གྱིས།། སངས་རྒྱས་ཀྱི་ཞིང་བཅུ་གཉིས་འདས་པ་ན།། དེ་ན་བཟླ་བ་བརྒྱན་པ་ཞེས་བྱ་བའི
231b3 འཇིག་རྟེན་གྱི་ཁམས་ཡོད་དེ། དེ་བཞིན་གཤེགས་པ་དག། བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པ་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ།། མཚོ་ཞིང་བནྡེ
231b4 པ་ཆོས་ཀྱང་སྟོན་ཏོ།། གཞོན་ནུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག
231b5 གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ།། ངས་མཐོང་བ་ལ་ཡང་ཡིད་ཆེས་ན།། དེའི་ཚེ་འདས་པའི་འོག་ཏུ། འོད་ཟེར་རབ་ཏུ་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར
231b6 འགྱུར། ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཁྲིར་འཇུག་པ་འཐོབ་པར་འགྱུར།། གཟུངས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དྲུག་བཅུ་པོ་བརྒྱ་མཚོ་ལྟ་བུ་ཞེས་བྱ་བའི་གཟུང
231b7 ལ་སོགས་པ་ནས།། རིན་པོ་ཆེའི་མཛོད་ཀྱི་གཟུངས་ལ་ཐུག་པའི་བར་ལ་འཇུག་པ་འཐོབ་ཅིང་།། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དེ་དག་ལ་རྨོངས་པར་ཡང་མི་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ། ཤར་ཕྱོགས་ནཱ།