e-texts navigator
Collection
Volume
Page
Wylie

231a1 མདོ་སྡེ་འདི།། སངས་རྒྱས་ཀྱིས་ནི་གསུངས་པ་ན།། ལྷ་མ་ཡིན་ཚོགས་དགའ་གྱུར་ནས།། མེ་ཏོག་དཔག་ཏུ་མེད་པར་མཐོར།། སངས་རྒྱས་ཀྱི་ནི་ཞིང་འདི་དག། མི་མཆོག་ཤཱཀྱ་སེང་གེ་ཡི།། ཆོས་ཀྱི་རྒྱལ
231a2 པོ་སྐུ་གཅིག་གིས།། ཞིང་རྣམས་ཐམས་ཅད་སྣང་བར་མཛད།། སེམས་ཅན་སྙིང་པོ་བདག་ཉིད་ཅན།། སྟོན་པ་ཡི་ནི་ལྗགས་བྱུང་ནས།། གང་གའི་བྱེ་མ་སྙེད་དག་གིས།། ཞིང་རྣམས་བྱེ་བ་ཁེབས་པར་མཛད།། དེ་བཞིན
231a3 ཕྱོགས་བཅུའི་འཇིག་རྟེན་གྱི།། ཞིང་རྣམས་བྱེ་བ་ཁེབས་པར་མཛད།། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི།། ཞིང་རྣམས་བྱེ་བ་ཁེབས་མཛད་དོ།། གཞོན་ནུ་རིན་ཆེན་དྲ་བ་ཅན།། དཔའ་བོ་དང་ནི་ལི་ཚ་བྱི།། བྱེ་བ་དྲུག
231a4 བཅུ་ཙམ་དག་ནི།། ལྷན་ཅིག་ལྷགས་ལ་བཀའ་བསྣོལཔ། ཅིང་།། དེ་ནས་དེར་ནི་སྟོན་པ་ཡིས།། དེ་དག་ཆོས་ལ་མཛུད་པར་མཛད།། བདེ་བ་ཐམས་ཅད་སྦྱིན་མཛད་པ།། སངས་རྒྱས་སྤྱན་ནི་ཐོགས་པ
231a5 མེད།། དེ་བཞིན་གཤེགས་རྣམས་དཔག་མེད་དེ།། སངས་རྒྱས་ཆོས་ལ་ཐེ་ཙོམ་སྤོངས།། སངས་རྒྱས་ཡེ་ཤེས་ཐོགས་མེད་དེ།། དུས་གསུ་རྣམས་ལའང་འཇུག་པ་མཛད།། ཆོས་རྣམས་ཀུན་ལ་མངའ་བརྙེས
231a6 པས།། སངས་རྒྱས་ལ་ནི་མི་མཁྱེན་མེད།། ཕུང་པོ་རྣམས་ནི་མེད་པའོ་ཞེས།། མིའི་འདྲེན་པ་སྟོན་པ་མཛད།། ཁམས་བཞི་དག་ནི་གསོག་དང་འདྲ།། གང་དུའང་སྒྲ་ལ་ཆགས་མ་བྱེད།། གཟུགས་དང་ཚོར་དང
231a7 འདུ་ཤེས་དང་།། སེམས་དཔའ་དང་ནི་འདུ་བྱེད་དང་།། རྣམ་ཤེས་ཕུང་པོའི་སྙིང་པོ་ནི།། མེད་པ་དག་ཏུ་ཤེས་པར་གྱིས།། སངས་རྒྱས་ཀྱིས་ནི་གསུངས་པ་བཞིན།། དེ་ལྟར་ཕུང་པོ་རྣམས་ཕྱེ་ན།། མྱུར་དུ་གཟུངས་ནི




iiif viewer powered by OpenSeadragon

230b - 231b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo