e-texts navigator
Collection
Volume
Page
Wylie

230b1 དག་ཏུ་ཡང་འགྱུར།། གང་ཞིག་ལག་པ་གཅིག་གིས་ནི།། མཆོད་རྟེན་གྲངས་མེད་བཤིགས་བྱས་པས།། གང་གིས་མདོ་སྡེ་འདི་སྤངས་ན།། ཁྱེད་ཆེས་སྡིག་པར་འདི་འགྱུར་རོ།། དེ་ལྟ་བས་ན་ང་སྨྲས་པ།། ཕྱི་མའི་དུས་ཚེ་འདི་སྙེད
230b2 ནས།། སངས་རྒྱས་ཡེ་ཤེས་བླ་མེད་ལས།། སོམ་ཉི་ཟ་བར་མ་བྱེད་ཅིག། མདོ་སྡེ་འདི་འདྲ་འདི་ཐོས་ནས།། མེ་ཏོག་སྤོས་དང་འཕན་རྣམས་དང་།། གདུགས་དང་ཕྱེ་མ་གོས་རྣམས་ཀྱིས།། གུས་པར་བྱས་ཏེ་མཆོད
230b3 བར་གྱིས།། དེར་ནི་དེ་བཞིན་གཤེགས་པ་ཡི།། ཕྱག་ནི་ཤིན་དུ་འཇམ་པ་ཡིན།། ལི་ཚྭ་བྱེའི་མགོ་བོ་ལ།། ཡང་དང་ཡང་དུ་བྱུག་པ་མཛད། དེའི་རྗེས་ལ་ལྷ་རྣམས་ཀྱིས།། སྒྲ་སྐད་ཆེན་པོ་འབྱུང་འགྱུར
230b4 ཅིང་། ལྷའི་མེ་ཏོག་ཀུ་སུ་མ། ཡིད་འོང་གཏོར་ཅིང་ཞིང་འདི་བཀང་།། ལྷ་རྣམས་མཁའ་ལ་འདུག་ནས་སུ།། ཀླུ་དབྱིངས་དཔག་ཏུ། མེད་པ་ལེན།། ཚངས་པ་དག་ནི་བྱེ་བ་ཡིས།། ཅན་དན་དམ།
230b5 པོའི་ཆར་ཕབ་པོ།། དེ་བཞིན་གཤེགས་པས་མདོ་སྡེ་འདི།། གསུངས་ཚེ་དྲ་བ་ཅན་ཐོས་ཏེ།། སེམས་ཅན་རངས་ཤིང་ཡིད་དགའ་ནས།། དེ་བཞིན་གཤེགས་ལ་ཚིག་གསོལ་བ།། ཕྱི་མའི་དུས་སུ་བདག
230b6 གིས་ནི།། དགེ་སློང་བགྱིས་ལ་མི་འཇིགས་པར། གྲོང་དང་། གྲོང་ཁྱེར་རྣམས་དག་ཏུ།། མདོ་སྡེ་འདི་ནི་བཤད་པར་བགྱི།། སངས་རྒྱས་བཀའ་བཞིན་བདག་བགྱིད་དེ།། རྫོགས་སངས་རྒྱས་པ་དཔལ་གྱིས་གསུང་།།
230b7 དཔག་ཚད་བྱེ་བར་མཆིས་སུ།། འདིའི་ཚུལ་ནི་བཤད་པར་བགྱི།། ལྷ་ཀུན་དང་ནི་ཀླུ་རྣམས་དང་།། ཡང་ན་མི་འམ་ཅི་དང་མི། མི་མ་ཡིན་རྣམས་འགྲོན་གཉེར་ཏེ།། ཆོས་ཀྱི་སྦྱིན་པས་ཚིམ་པར་བགྱི།། བླ་ན་མེད་པའི




iiif viewer powered by OpenSeadragon

230a - 231a

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo