e-texts navigator
Collection
Volume
Page
Wylie

230a1 རྟེན་མགོན་པོ་དེ་ཡི་མཚན།། བརྗོད་པ་འཛིན་པར་མི་བྱེད་དེ།། བདུད་ཀྱི་ཕྱོགས་དང་སྔོན་ཆད་ནི།། མུ་སྟེགས་གྱུར་པ་མ་གཏོགས་སོ།། ང་ཡིས་ཚུལ་འདི་བཤད་པ་ན།། སྔོན་ནི་གང་གིས་འདི་ཐོས་པ།། ཕྱི་མའི་དུས་ཀྱི།
230a2 ཚེ་དག་ཏུ།། དེ་ཡི་ལག་ཏུ་མདོ་སྡེ་འཐོབ།། ང་ཡིས་མདོ་སྡེ་དམ་པ་འདི།། བཤད་པ་དག་ནི་སུས་ཐོས་པ།། སྔོན་ནི་མཆོད་ཅིང་བཀུར་བསྟི་བྱས།། དེ་ཡི་ལག་ཏུ་འདི་ཐོབ་པོ།། གང་གིས་སྨོན་ལམ་བཏབ་པ་ནི།། ཕྱི་མའི་དུས་ཀྱི་ཚེ་དག་ཏུ
230a3 ཆོས་ཀྱི་རྒྱལ་པོས་གང་གསུངས་པའི།། མདོ་འདི་ལག་ཏུ་འཐོབ་པར་འགྱུར།། གང་ཞིག་སེམས་ནི་རྩེ་གཅིག་གིས།། སངས་རྒྱས་གྲངས་མེད་བཀུར་བསྟི་བྱས།། མདོ་འདི་ལ་ནི་གང་དང་བ།། དེ་བས་བསོད་ནམས་འདི
230a4 མང་འགྱུར།། རྟག་ཏུ་གཟུགས་བཟང་བསོད་ནམས་ལྡན།། ཤིན་ཏུ་འཇིགས་མེད་ལོངས་སྤྱོད་ལྡན།། དྲན་དང་ལྡན་ཞིང་མཚན་རྣམས་ཀྱིས།། མངོན་པར་བརྒྱན་པ་དག་དུ་འགྱུར།། དེ་ལྟ་བས་ན་མདོ་སྡེ་འདི།།
230a5 ཐོས་ནས་ཕྱི་མའི་དུས་ཀྱི་ཚེ།། བཟུང་ཞིང་ཡང་དག་བསྟན་པ་དང་།། གཞན་དག་ལ་ཡང་བཤད་པར་གྱིས།། གང་གིས་སངས་རྒྱས་འཁོར་ལོས་བསྒྱུར།། འབུམ་ཕྲག་དག་ལ་བཀུར་བྱས་པས།། ཕྱི་མ་ཡི་ནི་དུས་དག་ཏུ
230a6 ངས་མཐོང་བ་ལ་སོམ་ཉི་མེད།། གང་གིས་སྔོན་ནི་འཇིག་རྟེན་མགོན།། གྲངས་མེད་པ་ལ་བསྙེན་བཀུར་བས།། དེ་ཡིས་འཇིག་རྟེན་མགོན་འདི་ཡི།། ཐོས་ནས་མཐོང་ལ་ཡིད་ཆེས་སོ།། གང་ཞིག་མཚན་ནི་ཐོས་ནས་སུ།།
230a7 སངས་རྒྱས་ཀྱི་ནི་གཟུགས་བྱེད་པ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་དང་ནི་དམ་ཆོས་སྐྱེད།། གང་ཞིག་བྱང་ཆུབ་གཏན་སྤངས་ན།། བསྐལ་པ་བྱེ་བ་དག་ཏུ་ནི།། ལུག་ལྟར་རྒུག་ཅིང་མིག་ཉམས་ལ།། མིག་མེད།




iiif viewer powered by OpenSeadragon

229b - 230b

Texts on this page

Ng47.4 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo