e-texts navigator
Collection
Volume
Page
Wylie

94b1 འདི་མུ་མངོན་པར་སངས་རྒྱས་ཏེ།། སློབ་མང་པོ་སྨོན་པས་རྒྱལ་སྲིད་འདི་རྣམས་ཡིན།། མར་མྱེ་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས།། ཡོངས་སུ་མྱ་ངན་ལས་འདས་པ་སྐད་དུ་བ།
94b2 བ་ཡང་།། སེམས་ཅན་འདུལ་བའི་དབང་དུ་དད་པའི་ཚུལ་བསྙགས་ཏེ།། ཐུབ་པ་ཉིད་ཀྱིས་དེ་དག་ཟབས་སུ་བསྒྲུབས་ཤེས་གསུངས།། ད་ལྟར་མྱ་ངན་མ་འདས་མྱ་ངན་འདས་སྟོན་དང་། སངས
94b3 རྒྱས་ལགས་ཀྱང་ད་གཟོད་འཚང་རྒྱ་བའི་ཚུལ་སྟོན་པ། རང་བཞིན་ངེས་མྱེད་ཆོས་ལ་བཞེད་དགུར་དབང་སྦྱར་ཏེ།། རྩེད་མོ་སྣ་ཚོགས་འདྲ་བས་སེམས་ཅན་ཡོངས་སྤྲིན་མཛད་འདས་པའི་སངས་རྒྱས
94b4 ནམས་ཀྱི་སྤྱོད་པ་དེ་འདྲ་སྟེ། དུས་གསུམ་བདེ་གཤེགས་ཀུན་ཀྱང་ཚོགས་གཉིས་མཉམ་པ་ན།། བཅོམ་ལྡན་གཞན་ཡང་མྱི་འདྲ་ཡི་བྱེ་བྲག་ཅིག་ཞུགས་ཀྱི།། གང་བའི་ཚུལ་གྱིས་ཐེ་ཙོམ་དེས
94b5 བསལ་ཁྱོད་ལ་འོས།། ། གླེང་བཞིའི་ལེའུ་སྟེ་དང་། པོའོ།། །། མྱི་འཕམ་རྣམ་པར་རྒྱལ་བས་བདུད་བ་ནི།། བཅོམ་ལགས་ཏེ།། རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས
94b6 སྟོན་གྱི་ཆེ།། དེ་བཞིན་གཤེགས་པའི་གཞན་ལས་མྱི་འདྲའི་ཕྱི་བྲག་ཏུ།། ལྷའི་བརྒྱད་ལ་སྐུལ་ཞིང་རྒོལ་དུ་གཞུག་པ་མྱེད། དུས་གསུམ་བདེ་བར་གཤེག་པ་དགུ་ཚོགས་གཉིས་མཉམ
94b7 བས་ན། མ་ཐུ་དང་མངའ་ལ་མྱི་འདྲའི་བྱེ་བྲག་མ་མཆིས་ཏེ།། དགེ་བའི་ཟ་བ་བསྔོས་ཤིང་སྨོན་ལམ་ཆེ་བཏབ་དང་།། བཅུལ་དབང་བྱེ་བྲག་སགས་ཀྱང་ཆེ་བའི་རླབས་སུ་གདའ།། མཉམ་པས་མཉམ་ལ་རྩི
94b8 མཉམ་བྱེ་བྲག་ཚུལ་ཀྱུ་རད་པ།། དེ་བཞིན་གཤེགས་པ་བསམ་གྱིས་མྱི་ཁྱབ་རྒྱུ་ལས་བྱུང་།། ཆེ་བས་ཆེ་བའི་ཆེན་པོ་གནད་ཏུ་རིག་དཀའ་སྟེ། འཇིག་རྟེན་གྱོད་ཡུལ་འདས་ཀྱི་གཅོལ་ཕྱག་ཀྱང་འཚལ
94b9 མཉམ་པ་ཉིད་ཀྱི་ལེའུ་མེ་གཉིས་པའོ།། ། འཕགས་པ་ཀྱི་འཕམ་ཁྱོད་ཀྱི་ཆེ་བ་དབེས་བརྗོད་ན།། འཇིག་རྟེན་ཁམས་ན་འདྲ་བར་བསྣམ་པ་མ་མཆིས་ཀྱང་།། འབྱུང་བ་ཆེན་པོའི་རྣམ




iiif viewer powered by OpenSeadragon

94a - 95a

Texts on this page

Ng45.4 - 'phags pa byams pa la bstod pa