e-texts navigator
Collection
Volume
Page
Wylie

94a1 ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་སྟེ། བཅོམ་ལྡན་འདས་གིས་གསུངས་པ་ལ་མངོན་པར་སྟོད་དོ།། ། འཕགས་ཡེ་གེ་མྱེད་པའི་ཟ་མ་ཏོག་རྣམ་པར་སྣང་འཛད།
94a2 ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། @##།། འཕགས་པ་ཀྱི་འཕམ་ནམ་ཞིག་མངོན་པར་སངས་རྒྱས་མཚན།། བྱམས་པར་འགྱུར་ཞེས་ཐུབ་པ་མཆོག་གིས་ལུང་བསྟ
94a3 ན།། ད་ལྟར་རྒྱལ་གྱི་རྒྱ་བར་འཛིནད་ཀྱང་སྲིད།། ས་དང་མཚན་དུ་འགལ་སྙམ་ལོག་པར་དམྱིགས་པ་འང་འབྱུང་།། དེའི་བྱེ་བྲག་རྫོགས་པར་ཐེ་ཙོམ་འདིས་བསལ་ཅིང་། ཁྱོད་ཀྱི་བྱོན་ཏེ་བླ་མྱེད་བྱང་ཆུབ་མཆོག
94a4 ཏུ་མངོན་པར་རྫོགས་པར་ཆད་རྒྱ་ཞིང་།། ལྷ་མི་ཡོངས་ཀྱི་མཆོད་དཔར་བྱིན་གྱིས་རློབ་མངའ་མཆིས་ཀྱང་།། སྐུ་ཚེ་གཅིག་གིས་ཐོག། ངེས་པར་ཡོངས་སུ་གྲུབ་པས་ན།། བསྐལ་པ་བཟང་འདས་སྔོན
94a5 ཏུ་མངོན་པར་སངས་རྒྱས་ཀྱང་། འདུལ་བའི་སེམས་ཅན་ནམ་སྨིན། དུས་ལ་གཞེས་སྐད་དུ། ཐབས་ལཱ་ཁས་པས་རྒྱལ་སྲས་མ་གཡོག་པར།། ཕྱོགས་བཅུ་མཐའ་ཡས་ཀུན་གྱི་སེམས
94a6 ཅན་དོན་མང་མཛད།། སྤྱོད་ལམ་གཅིག་ལ་བཞུགས་ཀྱང་སྣ་ཚོགས་སྤྱོད་བསྟནད་པ།། ཇི་ལྟར་དད་པའི་བསམ་པ་ཡོད་བཞིན་ཏུ།། འདུལ་བའི་ཟབས་ལ་གནོད་དྲི་ལ་སྨྱོནད་མྱི་མངའ།། གནས
94a7 དང་རྐྱེནད་ཀྱིས་བྱེ་བྲག་མ་ལུས་མཁྱེནད་པས་ན།། དོན་མཛདཔ་སྤྱོད་པ་ཀུན་ལ་རྣམས་ཀྱང་འཁྲུལ་རྫོག་པར།། སངས་རྒྱས་ལགས་ཤེས་བདག་གིས་བརྗོད་པ་ཡང་། རང་བཟོར་མ་བགྱིས་སྔོན
94a8 གྱི་བདེ་གཤེགས་ཚུལ་ལགས་པར་གཞན་སྤོས་ཅི་འཚལ་ཐབས་ཆེ་ལས།། འཇིག་རྟེན་ཕན་ཕྱིར་ཤག་ཀྱི་སེང་གེ་རྐང་གཉིས་གཙོ།། མངོན་པར་སངས་རྒྱས་གྱུར་ནས་རིང་པོ་མ་ལོན་དུ
94a9 སློབ་མ་ས་རུམ་རྒྱལ་སྲས་འཁོར་དང་བཅས་པ་བྱུང་།། དེ་དག་གཟིགས་ནས་ཐུབ་པ་ཉིད་ཀིས་བཀའ་ས་ལད་པ།། བསྐལ་པ་གྲངས་མྱེད་དུ་མ་འདས་པའི་སྔ་རོ་ལད་ནས། མྱི་མཇེད་འཇིག་རྟེན




iiif viewer powered by OpenSeadragon

93b - 94b

Texts on this page

Ng45.3 - 'phags pa yi ge med pa'i za ma tog rnam par snang mdzad kyi snying po zhes bya ba theg pa chen po'i mdo
Ng45.4 - 'phags pa byams pa la bstod pa