e-texts navigator
Collection
Volume
Page
Wylie

93b1 སྲིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་ནི། དགེ་བའི་ལ་བ་ཆུང་ངུ་དང་ལྡན་པར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། པས་སྐྱེས་བུ་དམ་པ་དེ་དག་ཀྱིས་བཀུར་བསྟིར་བྱས།། ཐ་མར་བྱས། བཙུན་པར་བྱས་པའི་ཕྱིར
93b2 རོ།། རིགས་ཀྱི་དེ་དག་ནི་ངའི་བྱང་ཆུབ་ཟག་ལ་ཐོགས་པར་འགྱུར་རོ།། དེ་དག་གི་སྟོབས་པ་ཕུན་སུམ་ཚོགས་པ་རྒྱུནད་ཀྱི་འཆད་པར་འགྱུར་རོ།། དེ་དག་གི་སངས་རྒྱས་ཀྱི་ཞིང་ཤི་ནད་ཏུ་ཡོངས་སུ་དག་པར
93b3 འགྱུར་རོ།། འཆི་བའི་དུས་ཀྱི་ཚེ་ཡང་། དེ་བཞིན་གཤེགས་པ་འོད་དཔག་མྱེད་ཉན་ཐོལ། དགེ་འདུན་གྱིས་ཡོངས་སུ་བསྐོརྡ་ཅིང་།། མདུན་གྱིས་བལྟས་ནས། མདུན་ན་བཞུགས་པར་འགྱུར་ཏེ། མཐོང་བར་འགྱུར་རོ།།
93b4 ང་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་། ཐབས་ཅིག་ཏུ་མིའི་རྒྱས་པོ་བྱ་ཀོད་ཀྱི་ཕུང་པོ་ལ་གན་པས་ཡོངས་འགྱུར་རོ།། རིགས་ཀྱི་བུ་རེ། དྲག་གི་ཆོས་ཀྱི་མཛོད་མྱི་ཟད་པར་འགྱུར་རོ།། དེ་དག་ཚེ་རབས
93b5 དྲན་པར་འགྱུར་རོ།། ངན་སོང་རྣམས་སུ་སྐྱེ་བར་མྱི་འགྱུར་རོ།། རིགས་ཀྱི་བུ་ར་ནི་འཇིག་རྟེན་ཐམས་ཅད་དང་། མྱི་མཐུན་པའི་ཚིག། འདི་སྨྲ་སྟེ། རིགས་ཀྱི་བུ་དག་གལ་ཏེ་མཚམས་མྱེད་པ་ལྔ་བྱེད
93b6 བར་གྱུར་ད་ལ། ཆོས་ཀྱི་ནམ་གྲངས་འདི་ལུས་ལ་བཏགས་སམཡེ་གེ་འདྲི་འམ། ཀློག་ཀས། ཀུན་ཆུབ་པར་བྱེད་ན། དེ་ནི་ངན་སོ་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་རས་མ་མཐོང་ངོ་།། བྱུང
93b7 ཆུབ་སེམས་དཔའ་དེ་དག་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་བྱིས་སྔ་ཐོབ་པར་འགྱུར་རོ།། དབང་པོ་ཉམས་པར་གྱི་གྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ངོ་།། བྱང་ཆུབ་ས
93b8 དཔའ་ཐམས་ཅད་ཀྱིས་ཡོངས་སུ་དེའི་ལས་ཆད་མྱེད་པ་རྣས་པར་དག་པར་འགྱུར་རོ།། རིགས་ཀྱི་བུ་ཚིག་འདི་ནི་ཐ་མུར་སྨ་སྟེ། དེ་མངོན་པར་རྫོགས་པར་སངས་རྒྱས་པར་ངས་མཐོང་ངོ་།། བཅོམ་ལྡན
93b9 འདས་ཀྱི་ཡ་མ། ཁྱད་པར་སེམས་ལས་སོགས་པ།། བྱང་ཆུབ་སེམས་དཔའ་རྣམས་དང་། རྒྱ་བྱིན་ལས་གྲོགས་པ་ལྔའི་བུ་རྣམས་དང་། རྒྱལ་པོ་ཆེམ་ཞི་དང་། སྭ་དང་རྩི་དང་།




iiif viewer powered by OpenSeadragon

93a - 94a

Texts on this page

Ng45.3 - 'phags pa yi ge med pa'i za ma tog rnam par snang mdzad kyi snying po zhes bya ba theg pa chen po'i mdo