| e-texts navigator |
| Wylie |
221a1 དུ་སྟོང་ཚང་བས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱི་ནད་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས
221a2 ལ་ལན་གསུམ་སྐོར་བ་བྱས་ནས། བཅོམ་ལྡན་འདས་དང་སྲོག་ཆགས་སྟོང་ཚང་བ་གང་དག་བཅོམ་ལྡན་འདས་ཀྱིསེ་མ་འོངས་པའི་དུས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ལ་ལཱའི
221a3 ཙན་དན་གྱི་ཕྱེ་མ་དང་། ཡཱའི་མེ་ཏོག་མན་འདའ་ར་བ་དང་མན་འདར་བ་ཆེན་པོ་རྣམས་ཀྱིས་མངོན་པར་གཏོར་ནས་ཐལ་མོ་སྦྱར་ཏེ། ཕྱོགས་ཅིག་དུ་འདུག་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་བདག་གི
221a4 རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲགས་འདི་འཛིན་པར་བགྱིད་པ་དང་། འཆང་བར་འགྱིད་པ་དང་། ཀློག་པར་འགྱི་དད་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་བསྲུང་བར་བགྱིའོ།།
221a5 བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག། ཁྱིམ་ན་མཆིས་སམ། དགོན་པ་ན་མཆིས་སམ། ཤིང་དྲུང་ན། མཆིས་སམ། ཁྱིམ་སྟོང་པ་ན་མཆིས་སམ། འབྲོག་དགོན་པ
221a6 ན་མཆིས་སམ། ལམ་དང་ལམ་འགོལ་བ་ན་མཆིས་སམ། གཉི་ད་ལོག་གམ་གཉིད་མ་ལོག་པ་དག་ན་ཡང་དེ་དག་པ་ཕ་རོལ་ཀྱིས་གནོད་པས་མགུ་བར་མྱི་འགྱུར་བར་བདག་གིས་བསྲུང་བར་བགྱིའོ།
221a7 དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཏེ་འཚོ་ཞིང་གཞེས
221a8 ལ་རིགས་ཀྱི་བུ་འམ། རིགས་ཀྱི་མོ་གང་ཞིག་གིས་ཇི་སྲིད་མཚོ་བའི་བར་དུ་ཆོས་གོས་དང་བསོད་སྙོམས་དང་། གནས་མཧཱ་དང་སྙུ་གྱི་རྒྱན་དང་། སྨན་ཀྱི་ཡོ་བྱད་རྣམས་ཀྱིས་བསྙེནད་བཀུར་བྱེད་ན། ཀུན
221a9 དགའ་བོ་དེ་ཙམ་གྱིས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མྱི་འགྱུར། བླ་མར་བྱས་པར་མྱི་འགྱུར་རི་མོར་བྱས་པ་ཀྱི་འགྱུར། མཆོད་པ་བྱས་པར་མྱི་འགྱུར་གྱི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག