e-texts navigator
Collection
Volume
Page
Wylie

220b1 རྒྱས་མད། སུས་བ། འདུས་ནའ་སད། གཞན་འགྲུས་དབང་བྱེད་ཀྱི་བདུད་བྱི་མ་རྣམ་པ
220b2 མ་ད་དཚངས་པ་ཆེན་པོ་རྣམས་ནས་འོག་ཀྱི་ཀཱི་ལྷ་རྣམས་ཀྱི་བར་གྱིས་ས་ཐའི་རྣམས་ཀྱི་སྒྲ་དེ་ཐོས་ནས། ཡིད་རངས་ཤིང་རབ་ཏུ་དགལ་ལ་དཀའ་བ་དང་ཡིད་འདན་སྐྱེས་ནས་ཚིག་འདི
220b3 སྐད་ཅེས་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞི་གཤེགས་པའི་མཚར་མནུང་ཐམས་ཀྱིས།། རླུ་བྱེད་པ་ཡང་བདག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བཟུང་ཞིང་། ཆོས་ཐམས་ཅད
220b4 ཇི་ལྟ་བ་བཞིན་དུ་མཁྱེན་པས་དོན་ཐམས་ཅད་ཐུགས་སུ་ཆུང་དེ་བཞིན་གཤེགས་པར་འགྱུར་བ་མི་མཚ་ཆེ་སྟེ། སུ་ཝིགསངས་རྒྱས་ལ་དང་པར་གྱི་འགྱུར་ཞེས་སྨྲས་སོ།། དེ་ནས་བཅོ།
220b5 ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཀུན་དག་རོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུག། ས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི
220b6 གྲངས་འདི་ཐོས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་། གཞན་དག་ལ་ཡང་རྒྱ་ཆེར་མོ་བདག་པར་རབ་ཏུ་སྟོན་པར་བྱེད་པ་དང་། ཋ་ན་ཀློག་བམ་ལ་བྲིས
220b7 ཏེ་འཆང་བར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་པར་རིག་པར་བྱའོ།། དེ་དག་ལ་འཆི་བའི་འཇིགས
220b8 བ་མྱེ་འབྱུང་བར་རིག་པར་བྱའོ།། དེ་དག་གཤིས་ངན་དུ་འཆི་བར་མྱི་འགྱུར་རོ།། དེ་དག་ཕ་རོལ་ཀྱི་གནོ་དད་པས་འཆི་བར་མྱ་འགྱུར་རོ།། དེ་དག་ལ་ཆུ་དང་ཆོམ་རྐུན་དང་། དུག་དང་། མནྡོ་ཀྱེ་འཇིགས་པ་སྐྱེ
220b9 འབྱུང་བར་ཡིད་ཆེས་པར་བྱའོ།། དེ་ནས་ལྷའི་དབང་པོ་རྒྱ་བྱེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསྲུང་བ་ལུང་བསྟན་པ་འདི་ལྟ་བུ་འདི་ཤེས་ནས་ཆོས་ཀྱི་རྣམ་གྲངས་འདི་བཟུང་བའི་ཕྱིར་ལ།།




iiif viewer powered by OpenSeadragon

220a - 221a

Texts on this page

Ng45.13 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo