| e-texts navigator |
| Wylie |
220a1 བཅོམ་ལྡན་འདས་ཇི་ལགས། ཚེ་རབས་གཞན་དུ་འཕོས་ན་ཡང་འབྲལ་བར་འགྱུར་རམ། འོན་ཏེ་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང
220a2 དག་པར་ཞུགས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འདི་ལྟར་མྱིག་རྣམ་པར་དག་པ་དེ་དག་ནི་སྒྲིབ་པ་མྱེད་པའི་ཚུལ་གྱིས་ཤིན་ཏུ་རྣམ་པར་དག་པོ་ཉིད་དུ་འགྱུར་རོ།། ཤ་རིའི་བུ་ཁྱོད་ཀྱིས་སྲོག་ཆགས་སྟོང་ཚང
220a3 བ་འདི་མཐོང་ངམ། ཤ་རིའི་བུ་འདི་དག་ཐམས་ཅད་ནི་སངས་རྒྱསདས་ཀྱི་མཚན་བཟུང་བའི་དགེ་བའི་རྩ་བ་འདི་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་ག་ཀླུད་ཀྱི་བྱེ་མ་སྙེང་དག་བྱེད་དུ་བཅུག་ནས་སྲིད་པ་ཐ་མ་དང་།
220a4 ཡུམ་ཐ་མ་ལ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་རྫོགས་པར་བྱས་ཏེ། བསྐལ་པ་ཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་དག་པས་བརྒྱན་པ་ཞེས་བྱ་བ་མཚ
220a5 འཐུན་པ་། སྟག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ། མངོན་པར་རྫོགས་པར་ཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་ལ།། རས་ཀྱིས་རིས་ཀྱི་བུ་དེ་རྣམས་ལུང་བསྟན་པ་བཤད་པ་འོདི་བཀའ
220a6 སུ་ཡ་མ་ཐག་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་རྣམ་པ་དྲུག་དུ་གཡོས་པར་གྱུ་རད་ཏེ། འགུལ་རབ་ཏུ་འཕྲུལ། ཤུན་ཏུ་རབ་ཏུ་འགུལ། གམ་ས་རབ་ཏུ་གཡོས། ཀུན།
220a7 ཏུ་རབ་ཏུ་གཡོས། འུར་འུར་རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་འུར། སྡིག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེཀ། ཆེམ་ཆེ་མ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུགས་རབ་ཏུ་འཞུགས། ཀུན་ཏུ་རབ
220a8 ཏུ་འཁྲུགས་སོ།། ས་རྦའི་ལྷ་རྣམས་ཀྱིས་ཀྱང་ཀྱེ་མ་གྲོགས་པོ་དག་འདི་ལྟར་རིགས་ཀྱི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཚན་འཐུ་པ་བཅོམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས
220a9 སུ་བཟུང་ཞིང་ཆོས་ཐམས་ཅད་ཇི་ལྟེ་བ་བཞིན་དུ་མཁྱེནད་པས་དོན་ཐམས་ཅད་ཐུགས་སུ་ཆུད་པ་དེ་བཞིན་གཤེགས་པར་འགྱུར་བའི་ངོ་མཚར་ཆེ་སྟེ། སུ་ཞིག་སངས་རྒྱས་ལ་དད་པར་མྱི་འགྱུར་ཞེས་སྨ་སྒྲོགས་སོ།།