| e-texts navigator |
| Wylie |
219b1 མཆིས་ཤིང་། བཅོམ་ལྡན་འདས་བདག་གི་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དཔེར་ན།། དེ་བཞིན་གཤེགས་པ་ད་ལྟར་འཁོར་རྣས།
219b2 ལ་ཆོས་སྟོནད་པ་དེ་བཞིན་དུ་མཐོང་ངོ་།། དེ་ནས་འཁོར་དེ་ལས་ཤག་ཀྱི་གཞོན་ནུ་བཞིན་རབ་གསལ་ལ་སྩོགས་པ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དང་།
219b3 རིམ་གྲོ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར། འཁོར་དེར་འདུས་པར་གྱུརྡ་པའི་སྲོག་ཆགས་སྟོང་ཚོང་བར་དེ་དག་ཐམས་ཅད་སྟན་ལས་ལངས་སྟེ། བླ་གོས་ཕྲག་པ་ཅིག་དུ་བཟར་ནས་པུས་མོ
219b4 གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་སྐྱེ
219b5 དོན་གྱི་སླད་དུ། དེ་བཞིན་གཤེགས་པ་ཆོས་ཀྱི་རྣམ་གྲངས་འདི། བཤད་པས། བཅོམ་ལྡན་འདས་བདག་ཅག་ལ་ཕྱོགས་དེ་དག་དང་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་། མུན་པ་མ་མཚམ
219b6 པར་གདའ་ལ་བཅོམ་ལྡན་འདས་འཇིག་རྟེན་གི་ཁམས་དེ་དག་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དཔེར་ན། ད་ལྟརདེ་བཞིན་གཤེགས་པ་ཆོས་སྟོནད་པ་འོདི་བཞིན་དུ་གདའོ།། དེ་ནས
219b7 སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་རིའི་བུ་སྟན་ལས་ལས་སྟེ་བླ་གོས་ཕྲག་པ་ཅིག་ཏུ་བྱས་ནས། བུས་པོ་གཡས་པའི་སྤ་ངས་ལ་བཙུག་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྤྱད་པ་བཏུད་ནས
219b8 བཅོམ་ལྡན་འདས་ལ་འདི་སྐད་ཅེས་བྱ་། ནམ་ལང་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་བཤད་པར། སངས་རྒྱས་བཅོམ་ལྡན་འདས་དེ་དག་གྱི་མཚན་རྣམས
219b9 ཐོས་ནས་མྱིག་རྣམ་པར་དག་ཅིང་། ཕྱོགས་བཅུ་དག་ན་འཇིག་རྟེན་གྱི་ཁམས་གང་དག་མཆིས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་བ་དེ་དག་གྱི་མྱིག་རྣམ་པར་དག་པའི་བསོད་ནམས་དེ་དག