| e-texts navigator |
| Wylie |
219a1 ཡིད་བྱེད་ཀྱིས།། རྟག་ཏུ་རྒྱལ་བ་དེ་དྲན་ཞིང་། རྟག་ཏུ་བྱམས་པའི་སེམས་བྱོས་དང་། ཁྱོད་ལ་འཇིགས་པ་འབྱུང་གྱི་འགྱུར།། གཞོན་དུ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས
219a2 རྒྱས་ཀྱི་ཞིང་དཀུ་ཁྲི་ཉིས་སྟོང་འདས་པ་མ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ཞིག་ཡོད་དེ།། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་པོ་སེམས
219a3 བསྐྱེད་ཐེ་ཙོམ་གཅོད་མཛད་ཉོར་མོངས་བསྐྱོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན་དུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་བྱ་བ་རྩོམ་པ་ཐམས་ཅད་དང་། འགྲེང་ཡང་རུང་། འདུག་ཀྱང་རུང་། འཆག
219a4 ཀྱང་རུང་སྟེ། སྤྱོད་ལམ་ཐམས་ཅད་དུ་ཕྱག་འཚལ་ཅིག་ཡིད་ལ་བྱོས་ཤིག། སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་། སེམས་སྒྲུབས་ཤིག་དང་། གཞོན་ནུ་ཁྱོད་ལ་འཇིགས་པ་འབྱུང་བར
219a5 མྱི་འགྱུར་ཞིང་།། དགོངས་པ་ཐམས་ཅད་ཀྱང་འབད་མྱེ་དགོས་། འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སྡེ། ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། བྱ་བ་ཀུན་ལ་ཉོན
219a6 མཚན་དུ། སངས་རྒྱས་དེ་ནི་དྲན་བྱ་ཞིང་། བྱང་ཆུབ་སེམས་ཀྱང་མ་ཏང་དང་། ཁྱོད་ལ་འཇིགས་པ་འབྱུང་མྱི་འགྱུར།། གཞོན་དུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
219a7 བའི་སངས་རྒྱས་དེ་དག་གི་མཚན་ལེགས་པར་བཟུང་བར་གྱིས་ཤིག། ལེགས་པར་བཅང་བར་གྱིས་ཤིག། ལེགས་པར་ཀུན་ཆུབ་པར་གྱིས་ཤིག་དང་། འཇིག་པ་དང་། བག་ཚ་བ་འམ། སྤུ་ཟིང་ཞེས་བྱེད་པ་གང
219a8 ཅི་ཡང་རུང་བ་དེ་དག་ཐམས་ཅད་ཁྱོད་ལ་འབྱུང་བར་མྱི་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཤག་ཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་འོད་སྐད་རྗེས་གསོལ་ཏོ།། བཅོམ་ལྡན
219a9 འདས་བདག་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྐྱེ་མཚན་རྣམས་བཟུང་བ་ལགས་ཏེ། བཅོམ་ལྡན་འདས་བདག་ལ་འཇིག་རྟེན་གྱི་ཁམས་དེ་དག་མུན་པ་མ