e-texts navigator
Collection
Volume
Page
Wylie

218a1 བསྐྱེད་པ་ནས་བཟུང་སྟེ།། སངས་རྒྱས་པ་ཉིད་ཀྱི་བར་དུ་བར་ཆད་མྱེད་པར་སྨིན་པ་བྱིན།། ཚུལ་ཁྲིམས་བསྲུངས། བཟོད་པ་ཀུན་ཏུ་བསྟེན། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་རབ་སྤྱད
218a2 དེ་གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡིན་ནོ།། གཞོན་དུ་ཁྱོད་གང་གི་ཚེ། བྱ་བ་འགའ་ཞིག་གི་ཕྱིར། ཤར་ལྷོ་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཡོན
218a3 ལཀ་ལྔས་ཕྱག་འཚལ་ཏེ། ཕྱིས་ཁྱིམ་ནས་སོང་ཤིག་དང་། ཁྱོདས་ཀྱིས་འགྱོད་པ་འམ། འཇིགས་པ་གང་ནས་ཀྱང་འབྱུང་བར་མྱི་འགྱུར་རོ།། རྣམ་པར་མ་ཡེངས་པས་ཡིས་བྱེད་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བ
218a4 བྱ་བ་དེ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་དེའི་ཚེ་གས་སུ་བཅད་པ་འདི་བཀའ་སྩལ་ཏོ།། ཡན་ལག་ལྔས་ནི་ཕྱག་འཚལ་ཏེ། ཕྱི་ནང་ནས་ཁྱིམ་ནས་སོང་ཤིག་དང་། ཆོམ་རྐུན་རྣམས
218a5 ཀྱིས་ཁྱོད་ཀུན་ཏུ། ཟིལ་ཀྱིས་མྱཾ་ནོན་འགྲོ་བར་འགྱུར།། གཞོན་ནུ། ལྷོ་ནུབ་ཀྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སུམ་ཁྲི་འད། ས་པ་ན། འཇིག་རྟེན་ཀྱི་ཁམས་གསེར་གྱི་དྲ་བས་གཡོགས་པ
218a6 ཞེས་བྱ་བ་ཞིག་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཅེན་གདུགས་འཕགས་སྔ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་བཞེས་སོ།། གཞོན
218a7 ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར།། ལྷོ་ནུབ་ཀྱི་ཕྱོགས་སུ་འགྲོ་ན་དེའི་ཁྱོ་ཀྱི་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་ཀྱི་སེ་དེ་མངོན་དུ་བྱེད་ཅིང་། རྣམ་པར་མ
218a8 གཡེངས་པའི་ཡིད་ལ་བྱེད་པས་སོང་ན། ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བགྱི་འགྱུར་ཞིང་། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས
218a9 སུ་བཅད་པ་འདི་ཀལ་སཿལད་ཏོ།། རྫོགས་སངས་རྒྱས་ལ་ཕྱག་བྱས་ནས། མེ་ཏོག་སིལ་མས་གཏོར་ཅིག་དང་། ཁྱོད་ནི་ལྷོ་ནུབ་འགྲོ་བ་ན། འཇིགས་པ་འབྱུང་བར་མྱི་འགྱུར་རོ།། གཞོན་ནུ་ནུབ་བྱང་གི་ཕྱོགས




iiif viewer powered by OpenSeadragon

217b - 218b

Texts on this page

Ng45.13 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo