| e-texts navigator |
| Wylie |
217b1 ཅན་ཐམས་ཅད་ལ། མཉམ་པ་ཉིད་ལ་སེམས་བྱོས་ལ། སེམས་ཅན་དེ་ལ་མ་བརྙས་དང་། ཁྱོད་ལ་འཇིགས་པ་འབྱུང་མྱི་འགྱུར།། གཞོན་ནུ་བྱང་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཞི་རྒྱས་ཀྱི་ཞིང་སྤྱད་ནི་ས།
217b2 འཇིགཔ་རྟེན་གྱི་ཁམས་བདུད་ཀྱི་སྡེ་བཅོམ་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་ཏུ་འཇོམས་ནམ་གནོན་ཅེས་བྱ་བ་ད་ལྡ
217b3 བཞུགས་ཏེ།། འཚོ་ཞིང་གཞེས་སོ།། དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ལི་འཇིག་རྟེན་གྱི་ཁམས་ན། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོཿདེ་དག་ཟས
217b4 ཅད་བླ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་མཛད་དེ།། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱུང་བ་ཡོད
217b5 རོ།། གཞོན་ནུ་ཁྱོད་ཀར་ཀྱི་ཆེ་བྱ་བ་འགའ་ཞིག་གི་ཕྱིར། བྱང་། ཤར་གྱི་ཕྱོགས་སུ་འགྲོན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ། དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ།། མོས
217b6 ཀྱི་རྒྱུན་ཀྱིས་དེ་མངོན་དུ་བྱེད་ཅིང་།། རྣམ་པར་མ་གཡེངས་པ་སོང་ན། ཁྱོད་བྱ་བ་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མྱི་འགྱུར་རོ།།
217b7 དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། གང་གིས་དང་པོའི་ཐུགས་ཀྱིས་ནི། བདུད་རྣམས་འཕམ་མཛད་སངས་རྒྱས་དེ། ཏཱན་བཞིན་དུ་ནི་ཁྱོད་སོང་ན། ཁྱོད་ལ་འཇིགས
217b8 པ་འབྱུང་མྱི་འགྱུར། གཞོན་ནུ་ཞར་སོང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཉི་ཁྲི་འདས་པ་ར། འཇིག་རྟེན་གྱི་ཁམས་རྟག་ཏུ་སཱ་ཞེས་བྱ་བ་ཞིག་ཡོད་དེ།། དེན་དེ་བཞིན་གཤེས
217b9 པདམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས། ཕྱིར་གྱི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ཞེས་ཀྱ་ད་མ་སན་མེན། གཞོན་ནུ་དེ་བཞིན་གཤེགས་པ་དེས་དཔའོ་མུམ