e-texts navigator
Collection
Volume
Page
Wylie

217a1 ནས་སྡང་བ་ཀུན་བྲལ་ཞིང་། ལྷོ་ཕྱོགས་སུ་མི་འགྲོ་བ་ལ།། ཁྱོད་ལ་འཇིགས་པ་འབྱུང་མྱི་འགྱུར།། གཞོན་ནུ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་གང་གའི་ཀླུར་གྱི་བྱེ་སྙེད་འདས
217a2 སྲ། འཇིག་རྟེན་གྱི་ཁམས་ཡུལ་ཕེབས་པ་ཞེས་བྱ་བ་ཞིག་ཡོད་དེ།། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་ཞེས་བྱ་བ་ད་ལྟར་བཞུགས
217a3 ཏེ། འཚོ་ཞིང་གཞེས་སོ་གཞོན་ནུ་ཁྱོད་གང་གི་ཚེ། བྱ་བ་འགའ་ཞིག་གི་ཕྱིར་ནུབ་ཕྱོགས་སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ས་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ནས་ཀ་སེམས
217a4 ཀྱི་རྒྱུན་ཀྱིས་དེ་མངོན་དུ་བྱེད་ཅིང་། ཟག་པ་བྱེད་པ་དང་། རྣམ་པར་མ་གཡེངས་པ་དང་། དྲན་པས་སོང་ན་ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བ.རམྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ
217a5 འི་ཚེ་ཚིགས་སུ་བཅད་པ་འདི་བཀའ་རྩལར་ཏོ།། ཆོས་འགའསྐྱེས་པ་ཡོད་བྱིན་ཞིང་། འགའ་ཡང་འགག་པར་མྱི་འགྱུར་ཏེ། གང་གོས་ཆོས་རྣམས་དེ་ལྟར་ཤེས། དེ་ལ་འཇིགས་པ་ཅི་ཡང་མྱེད
217a6 གཞོན་ནུ་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འོདི་ནས་ས་ངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ཅན་ཞེས་བྱ་བ་ཞིག་ཡོད། དེ་ན་དེ་བཞིན
217a7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཅེན་གཟུགས་བཀོད་འོད་གནོན་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ།། གཞོན་ནུ་ཁྱོད་གང་གི་ཚེ་བྱ་བ་འགའ་ཞིག་གི་ཕྱིར། བྱང་ཕྱོགས
217a8 སུ་འགྲོ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། དྲན་པར་བྱས་ཤིང་མདུན་དུ་བྱས་ཏེ། སེམས་ཀྱི་རྒྱུན་ཀྱིས་དེ་མངོན་ཏུ་བྱེད་ཅིང་། རྣམ་པར་མ་གཡེངས་པར་ཡིད་ལ་བྱེད་པར་སོང་ན། ཁྱོད་བྱ་བ་གང
217a9 གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་ཞིང་། ཁྱོད་ལ་འཇིགས་པ་གང་ནས་ཀྱང་འབྱུང་བར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དཀའ་སྩལྡ་ཏོ།། རྟག་ཏུ་སེམས




iiif viewer powered by OpenSeadragon

216b - 217b

Texts on this page

Ng45.13 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo