e-texts navigator
Collection
Volume
Page
Wylie

216a1 བཞིན་རབ་གསལ་ཞེས་བྱ་བ་འགའ་ཞིག་གི་ཕྱིར། ཤིང་རྟ་ལ་ཞོན་ནས་སེར་སྐྱའི་གནས་གྲོང་ཁྱེར་ཆེན་པོ་ནས་ཕྱིར་བྱུང་བ་དང་། ཤག་ཀྱི་གཞོན་ནུ་བཞིན་རབ་གསལ་གྱིས། བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན
216a2 ནས་གཤེགས་པ་མཐོང་ངོ་།། མཐོང་ནས་ཀྱང་ཤིང་རྟ་དེ་ལས་བབས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ཀྱི་ཞབས
216a3 གཉིས་ལ་མགོ་བོས་ཕྱག་འཚལ་ནས།། བཅོམ་ལྡན་འདས་ལ་ལན་ཀསུམ་བསྐོར་བ་བྱ་སྟེ།། ཐལ་མོ་སྦྱརྡ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་ཤག་ཀྱགཞོན་དུ་བཞིན
216a4 རབ་གསལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདདས་འདི་ན་བདག་གི་ཕ་མ་གཉིས་གཉིད་ལོག་པ་དང་། མ་ལོག་པ་དག་དལ་མྱི་མ་ལགས་པ་རྣམས་རྣམ་པར་འཚེ་བར་འགྱིད་ལ། བཅོམ
216a5 ལྡན་འདས་བདག་ཀྱང་གར་རྒྱ་ཚེ། ལྗོངས་ཀྱི་ཕྱོགས་གཞན། དུ་མཆི་བའི་ཚེ། བདག་ལ་ཡང་ཆོམ་རྐུན་པ་དག་རྣམ་པར་འཚེ་བར་བ་གྱིད་ཅིང་། གཅན་ཟན་དག་ཀྱང་རྣམ་པར་འཚེ་བར་བགྱིད་ན། དེའི
216a6 སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་ཐུགས་རྩེ་བའི་སླད་དུ། ཅི་ནས་ཀྱང་བདག་ལ་མྱེ་འམ་མྱི་མ་ལགས་པ་དང་། དུད་འགྲོལ
216a7 སྐྱེ་གནས་སུ་གཏོགས་པ་འགའ་ཡང་རྣམ་པར་འཚེ་བར་གྱི་འགྱེད་པ་དེ་ལྟར་བདག་ལ་ལེགས་བསྲུང་བ་མཛད་དུ་གསོལང་།། བསྲུང་བའི་ཆོ་ཀ་ཡང་མཛད་དུ་གསོལ་། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས
216a8 ཀྱིས་ཤག་ཀྱ་གཞོན་ནུ་བཞིན་རབ་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་དེའི་སྡིལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས
216a9 གསོལ་ནས།། ཤཀ་ཀྱ་གཞོན་ནུ་བཞིན་རབ་གསལ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་རྩ་ལང་ཏོ།། གཞོན་ནུ་གང་ཕྱོག་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས




iiif viewer powered by OpenSeadragon

215b - 216b

Texts on this page

Ng45.13 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo