| e-texts navigator |
| Wylie |
213a1 ཚོགས་པ་བཞི་པོ་དེ་དག་ཐོབ་པར་འགྱུར་རོ།། དེ་ནས་ཁྱིམ་བདག་དེ་དཀའ་ཞིང་མགུ་ལ་ཡིད་རངས་པར་གྱུར་པ་ནས། དགེ་སློང་དེའི་རྐང་པ་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དཀྱིལ
213a2 འཁོར་བརྒྱད་སྟོནད་ཅིག་དང་། དེས་བདག་ལ་མངོན་སུམ་དུ་འགྱུར་རོ།། དེ་ནས་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བས། ཁྱིམ་བདག་དེའི་བསམ་པཤེས་ནས། ཡང་དག་པར་རབ་ཏུ་སྟ་རང་ཏེ་རིགས་ཀྱི་བུ་ཉོན
213a3 ཅིག་དང་སྟན་པར་བྱ་བའོ།། དེས་ནི་ལྕི་བ་སར་བསྲེབ་པའི།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ།། སེམས་ཅད་ཀུན་དང་ཐུན་མོང་དུ།། འདས་པའི་སངས་རྒྱས་གང་ཡིན་དང་། གང་དང་མ་འོངས་ད་ལྟར་བྱུང་།
213a4 བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་དག་གང་ཡོད་བ་དེ་དག་རྣམས་ལ་ཡོངས་སུ་བསྔོ།། དེ་ནས་དཀྱིལ་འཁོར་ཁོར་ཡུག་རུ། ཁོར་གྱི་དཀྱིལ་འཁོར་རྣམས་བྱ་སྟེ། འཇིག་རྟེན
213a5 དབང་དང་བྱམས་པ་དང་། ཐུབ་པ་སྐྱེས་མཆོག་ནམ་མཁའ་དང་། ཀུ། ན་ཏུ་བཟང་པོ་བློ་ལྡན་དང་། གསང་བ་པ་ཡཾ་བདག་པོ་དང་། འཇ། མ་དཔལ་གཞོན་ནུར་གྱུར་ད་པ་དང་། སྒྲིབ་པ་ཐམས་ཅད་རྣམ
213a6 སེལང་དང་། དེ་བཞིན་སའི་སྙིང་པོ་སྟེ། དེ་དག་གི་ཆེད་དུ་དཀྱིལ་འཁྲུར་བརྒྱད་བྱའོ།། ཁྱིམ་བདག་འདི་ནི་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ཏེ།། འདི་ནི་བདག་གིས་བཅོམ
213a7 ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་བསམ་གྱིས་བྱེ་ཁྱབ་པ་དེ་ལས་མངོན་སུམ་དུ་ཟོས་སོ།། ཁྱིམ་བདག་གཞན་ཡང་ཉོན་ཅིག། ཀུན་ནས་བསྐལ་པ་མཐུན་པོའོ།། འཁོར་རྣམས་གང་ཞིག་འདོད་པ་དེས
213a8 དཀྱིལ་འཁོར་བརྒྱད་ནི་བྱ་བར་བྱ།། གང་ཞིག་བརྒྱ་བྱིན་ཉིད་དང་ནརྀ། ཚངས་པོའི་འཇིག་རྟེན་བདག་པོ་དང་། ལྷ་མྱི་རྒྱལ་པོ་རྒྱལ་སྲིད་དང་། བློ་ལྡན་སྣ་ཚོགས་གཟུགས་བཟང་འདོད།། རྟག་ཏུ་དཀྱིལ་འཁོར་མཆོག
213a9 བརྒྱད་བྱ།། སེང་གེའི་རྒྱལ་པོ་བཀོད་པ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་དེ་ལྟར་མྱོ་བལྟ་སྟེ།། འཇམ་དཔལ་གཞོན་ནུར་གྱུར་པ