| e-texts navigator |
| Wylie |
212b1 ཀྱི་བུ་ཉོན་ཅིག་དང་།། དྲིས་པ་ལན་གདབ་པ། དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གཔངས་སྔོན་སོ་སོའི་སྐྱེ་བོའི་དུས་ལ།། ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། ལན་མང་དུ་བྱས་པ་དེ་བསྟན་པར་བྱའོ།། རིགས
212b2 ཀྱི་བུ་འདས་པའི་དུས་ན་སྔོན་བྱུང་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྣང་བ་བསམ་གྱིས་མྱི་ཁྱབ་པ་ཞེས་བྱ་བ་བཞུགས་ཏེ། འཚེ་ཞིང་ག་ཞེས་ལ་ཆོས་ཀྱང་སྟོན་ཏོ།།
212b3 དེའི་དུས་ན་དྲག་ཤུལ་ཅན་གྱིས་བྱིན་ཞེས་བྱ་བའི་ཁྱིམ་བདག་གཅིག་ཤིན་ཏུ་མ་དད་ཅིང་། ཡིད་དུ་མྱི་འོང་བའི་ཆོས་ལྔ་དང་ལྡན་ལ།། ཆོས་འདུལ་བ་ལ་རྒྱབ་ཀྱིས་ཕྱོགས་སོ།། དགེ་སློང་རྣམ་པར་རྒྱལ་བ་འབྱུང་སྟེ
212b4 བྱ་བ་ཞིག་ཁྱིམ་བདག་དེ་ལ་སྙིང་བརྩེ་བའི་ཕྱིར། ཡང་དང་ཡང་རུང་རྒྱུན་གྱི་འཆང་བར། ཁྱབ་བདཀ་དེའི་ཁྱིམ་དུ་འགྲོའོ།། རེ་ཤིག། ན་དུས་ཀྱི་མཐུས། ཁྱི་བ་དཀ་དེ་དགེ་སློང་དེ་ལ་རྗེས་སུ་ཆགས་པ་དང་།
212b5 བཅས་པའི་སེམས་སུ་གྱུར་པ་ནས།། རེ་ཤིག་ན་ཁྱིམ་བདག་དེ། ས་ལེགས་པར་བྱ་བའི། ལས་ཀྱི་འབྲས་བུ་དྲིས་སོ།། དེ་ན། ས་དགེ་སློང་དེས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དང་། སྐྱེ་བོ་མ
212b6 བོ་ལ་བདྲེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིད་རྩེ་བའི་ཕྱིར་དང་ལྷ་དང་མྱི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། བ་བ་དང་བ་བའི་ཕྱིར། ཁྱིམ་བདག་དེ་ལ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས
212b7 ཀྱི་རྣམ་གྲངས་སྟོན་ཏེ། ཁྱིམ་བདག་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ།། དེས་འཁོར་བུས་སུམ་ཚོགས་པ་འཐོབ་པར་འགྱུར་ཏེ།། གང
212b8 དང་གང་དུ་སྐྱེས་པར་ཆོས་དང་ལྡན་པའི་སེམས་ཅན་རྣམས་དང་། མྱེ་འབྲལ་བར་འགྱུར། འཁོར་མང་པོས་ལུས་མུན་སུམ་ཚོགས་ནས་གཟུགས་བཟང་པོ་ཉིད་འཐོབ་པར་འགྱུར།། ཡོ་ཥྱ་ཕུན་སུམ་ཚོགས
212b9 པ་འགྱུར་ཏེ། བརྩལ་མྱི་དགོས་པར་ཡོ་བྱད་རྣམས་འབྱོར་པར་འགྱུར། ལུས་སྲ་ཞིང་བརྟན་ལ་ལུས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞིང་དེ་ལ་རི་དང་རྩིག་པ་རྣམས་ཀྱང་སླེབ་པར་མྱི་བྱེད་རེ། ཕུན་སུམ