e-texts navigator
Collection
Volume
Page
Wylie

211b1 ཅི་འདོད་པ་རྙིས་ཤིཀ་དང་།། ངས་དྲིས་པ་དེ་དང་དེའི་ལུ་པ་བསྟན་པས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཅེ་ན་སྙིང་པོ་ཟླ་བ་སྣང་བས
211b2 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གངལ་ལ་ཞི་ག་དཀྱིལ་འཁོར་བརྒྱད་པ་བགྱིད་པར་འཚལ་ན།། དེས་ཇི་ལྟར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ
211b3 སྩལང་བ།། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མ་པ་ལ་ཤིན་ཏུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་།། དུས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་མཚུངས་པ་བྱེད་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར།། རིགས་ཀྱི་བུ་ཁྱོད་སྤོབས་པ།
211b4 སྐྱེས་པ་ནི་བཟང་སྟེ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དེའི་ཕྱིར་སྙིང་པོ་གང་བརྗོད་པ་ཙམ་གྱིས་མཚམས་མྱེད་པ་ལྔ་འབྱུང་ཞིང་དངོས་གྲུ་ཐམས་ཅད་ཀྱང་ཐོབ་པར་འགྱུར་བ་བྱང་ཆུབ་སེམས་དཔའ་བརྒྱ
211b5 ཀྱཻ་སྙིང་པོ་ཉོན་ཅིག།། ཨོཾ་མ་ཧུའུ་མ་མ་ཧཱ་བཱི་ར་སཱ་ཧཱ།། སྙིང་པོ་འདི། ས་ནི་དབུས་ཀྱི་བཅོམ་ལྡན་འདས་མཆོད་དོ།། ཨོཾ་མ་ཧཱི་ཧུའུ་མ་པད་མ་པྲི་ཡ་སྭཱ་ཧཱ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག
211b6 ཀྱཻ་སྙིང་པོའོ།། ཨོཾ་མ་མེ་ཧཱ་རཱ་ཎ་སཱ་ཧཱ། བྱམས་པའི་སྙིང་པོའོ།། ཨོཾ་ཨཱ་གརྦཱ་ཡ་སྭཱ་ཧཱ།། ནམ་མཁའ་སྙིང་པོ་སྙིང་པོའོ།། ཨོཾ་མ་སཱ་ཧཱི་ཛ་ཡ་སྭཱ་ཧཱ། ཀུན་ཏུ་བཟང་པོ་སྙིང་པོའོ།། ཨོཾ་མ་ཀུ་རུ་རྦ་ན་ར་ཧཱ་སཱ་ཧཱ། ལ་ཀ་ན
211b7 རྡོ་རྗེའི་སྙིང་པོའོ།། ཨོཾ་མ་ཤྲི་ཨཱིང་རང་ཀ་སྭཱ་ཧཱ།། འཇམ་དཔལ་གཞོན་ནུ་གྱུརར་བའི་སྙིང་པོའོ།། ཨོཾ་མ་ནིཿ[ऽ]ཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལྡ་པའི་སྙིང་པོའོ།། ཨོཾ་མ་ཀཱི་ཏི་ཧཱ་རཱ་ཛ་སཱ་ཧཱ།། སའི་སྙིང་པོའི
211b8 སྙིང་པོའོ།། བྱང་ཆུབ་སེམས་དཔལ་བརྒྱད་ཀྱི་སྙིང་པོ་དེ་བཞིན་གཤེགས་པ་དང་ལྡན་པ་འདི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ།། གཔལ་ལ་ཞིག་གིས་དཀྱིལ་འཁོར་གི་མདུན་དུ་ལ་ནི་གཅིག་བརྗོད་ན་རིའི་དོན་ཐམས་ཅད
211b9 གྲུབ་པར་འགྱུར་ཏེ། མྱུར་དུ་བླ་ན་བྱེད་ལ་ལྔ་དག་པ་རྫོག་དཱི་སྔས་རྒྱ་མདོན་འརྗོགྲོ་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིད་རངས་ཏེ།




iiif viewer powered by OpenSeadragon

211a - 212a

Texts on this page

Ng45.10 - 'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo