| e-texts navigator |
| Wylie |
211a1 འཇིག་རྟེན་མགོན་པོ་དེ་དག་གྱི། མཚན་ནམ་འདི་དག་སུ་ཉན་པ།། མྱི་དེ་དག་ནི་ཚོགས་ཉན།། གྲགས་ལྡན་རྣམས་ཀྱི་མཚན་ཐོས་ནས།། དེ་དག་དཔའ་ཞིང་ཤེས་རབ་ཆེ།། འཇིག་རྟེན་མྱི་མཆོག་སངས་རྒྱས་འགྱུར
211a2 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ཚེ་དང་ལྡན་པ་ཤ་རིའི་བུ་དང་།། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་ཀྱི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་སྟེ། བཅོམ་ལྡན
211a3 འདས་ཀྱིས་གསུངས་པ་ལ་མངོན་པར་སྟོང་།། འཕགས་པ་སངས་རྒྱས་བརྒྱད་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། ། རྫོགས་སྷོ།། །། རྒྱ་ཀར་སྐད་དུ། ཨརྱ་ཨཥྚ་མཎྜལ་ཀ། ན་མ་མ་ཧཱ་ཡན་སུ་ཏྲ
211a4 འོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེཀ་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན
211a5 བཅོམ་ལྡན་འདས་རི་གྲུ་འཇིམ་མ་འཕགས་པ་སྤྱན་རས་གཟིགས། དབང་ཕྱུག་གི་གནས་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཏེ། ཀ་འབུམ་ཐག་དུ་མ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས
211a6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། རིན་ཆེན་སྙིང་པོབསྲུང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུའི་རུས་པར་གྱུར་ནས་འདུག་པ་དེ་སྐན་ལས་ལངས་ནས། ཆོས
211a7 ཀོས་ཕྲག་པ་ཅིག་དུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད་ཏེ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། གལ་ཏེ་ཞུས་ནས
211a8 ཤྩ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐམས་བྱེར།། བཅོམ་ལྡན་འདས་དེ་བཞི་དུ་གཤེགས་པ་དམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འག་ཕྱོགས་འགའ་ཞིག་ཞུའོ།།
211a9 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཅེ་ན་སྙིང་པོ་ཟླ་བ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩ་ལ་ཏོ།། རིན་ཅེ་ན་སྙིང་པོ་ཟླ་བ་སྣང་བ་ཁྱོད་ཅི་དང་།