e-texts navigator
Collection
Volume
Page
Wylie

210b1 སྨོན་མ་མཐོང་ནས་ཀྱང་། མཆོད་པ་བཟང་པོར་བྱེད་པར་འགྱུར།། བསྐལ་པ་བྱེ་བ་གྲངས་བྱེད་དུ།། འཁོར་བ་རྣམ་པར་སྤོང་བར་བྱེད།། གང་གིས་འདྲེན་རྣམས་མཐོང་འགྱུར་བའི།། རཱི་མྱེད་མྱིག་ཀྱང་རྣམ་པར་སྤྱོད།། འཇིག
210b2 རྟེན་མགོན་པོ་དེ་དག་གི།། མཚན་རྣམས་སུ་ཞིག་འཛིར་བྱེད་པ། དེ་ནི་ཀར་དང་ཀར་སྐྱེས་ཀྱང་།། འཇིག་རྟེན་ཕྱག་བྱ་འོས་སུ་འགྱུར།། དེའི་གཟུགས་མཚན་ཕུན་སུམ་ཚོགས།། ཕྱུག་པོའི་ཁྱིམ་དུ་སྐྱེ་བར་འགྱུར།། དཔའ
210b3 ནི་སྦྱིན་པའི་བདག་པོར་འགྱུར། སེར་སྣ་མྱེད་ཅིང་སུག་པར་གཏོང།། མཚན་རྣམས་འདི་དག་སུ་འཛིན་ལ། བསྐལ་པ་བྱེ་བ་མང་པོར་ནི། ལྷའི་ཙམ་དན་དམར་མོ་ཡྀ། དྲི་དང་ཁ་ནས་འབྱུང་བར་འགྱུར། དྲང་སྲོང་ཆེན་པོ
210b4 དེ་དག་གི།། མཚན་རྣམས་བུད་མྱེད་ཐོས་གྱུར་མ།། བུད་མྱེད་དང། ངས་པོ་རྣམ་སྤངས་ཏེ། སྐྱེས་བུ་མཁས་པར་རེད་པར་འགྱུར།། མཚན་རྣམ་འདི་དག་སུ་འཛིན་པ།། པ་དང་མ་དང་སྨན་རྣམས་དང་།། མཛའ
210b5 བཤེས་ཉེ་དུའི་ཧཱཀྱི།། དྲུག་སསྔ་ས་རབ་ཡང་མཐོང་ཀྱི་འཕྲུ6་རྣམས་འཇིངས་སུ་འཛིན་པ།། དེ་དང་དེ་དག་འཇིག་རྟེན།། མངའ་མ་སྟོང་ཕྲག་བྱེ་ལྡན་པའི།། རིན་ཅེན་པད་ཡར་སྐྱེ་བར་འགྱུ
210b6 མཚན་རྣམས་འདི་དག་སུ་འཛིན་པ།། སངས་རྒྱས་ཞིང་རྣམས་པས་ས་ཅད་དུ། རམ་མཁའ་ལ་མི་འགྲོ་བྱེད་ཅིང་།། འཇིག་རྟེན་མགོན་འི་སངས་རྒྱས་ཞིང་། རྣམ་པར་དག་པ་མཐོང་བར་འགྱུར།། འཇིག
210b7 རྟེན་མགོན་པོའི་དྲུང་དག་རུ། ཟབ་མོའི་ཆོས་ནི་ཉན་བྱེད་ཅིང་། ཇི་ལྟར་ཟོས་པ་ཆུད་མྱི་གཟོན།། མཚན་རྣམས་འདི་དག་སུ་འཛིན་པ། དེ་དག་ལ་ནི་སྡིག་ཅན་བདུད་།། ནག་པོའི་རྩ་ལག་སྡེར་བཅས་པས།། ནམ་ཡཱ།
210b8 གླ་གཱ་རྙེད་མྱི་འགྱུར་རོ།། མཚན་རྣམ་འདི་དག་སུ་འཛིན་པར། དེ་དག་མཚོན་གྱིས་མྱི་སོད་ཅིང་།། དུག་དང་མྱེས་ཀྱང་མ་ཡིན་ལ།། རྒྱལ་པོ་དང་ནི་རྐུན་པོ་འིས། གཙེ་བ་དག་ནི་བྱེད་མྱི་ནུས། ལྷ་དང་ཀླུ་དང་གནོད་སྦྱིན
210b9 དང་། དྲི་ཟ་ལྟོ་འཕྱེ་ཆེན་རྣམས་ཀྱིས། གླགས་ཀྱང་རྙེད་པར་མྱི་འགྱུར་རོ།། སངས་རྒྱས་འདི་དག་མྱི་མཆོག་སྟེ། དཔལ་གྱི་སྙིང་པོ་འབྲུག་གྱི་རྒྱལ།། འཛངས་པ་བག་ཡོད་གྱུར་ང་ནས་ནི།། མཁས་མྱི་སུ་ཞིག་འཛིན་མྱི་བྱེད།།




iiif viewer powered by OpenSeadragon

210a - 211a

Texts on this page

Ng45.9 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo