| e-texts navigator |
| Wylie |
210a1 དབང་པོ་བཅང་བར་གྱི་འགྱུར།། ནམ་ཡང་སྒྲ་དབྱངས་ཤིན་ཏུ་རྒྱས་པ་དང་བྲལ་བར་གྱི་འགྱུར། ནམ་ཡང་རྫ་སྒྲའི་དབྱངས་དང་བྲལ་བར་གྱི་འགྱུར། ནམ་ཡང་སྦྱིན་གནས་དང་ཕྱིར་གྱི་ལྡོག་པ་དང་བྲལ་བར་མྱི་འགྱུར། ནམ
210a2 ཡང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་བྲལ་བར་མྱི་འགྱུར། ནམ་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་དང་བྲལ་བར་མྱི་འགྱུར་རོ།། ཤ་རིལ་དུ་གནས་མ་ཡིན་ཞིང་གོ་སྐབས་མྱེད་དོ།། ཤ་རིའི་བུ་བུད་བྱེད་ཀང་སངས
210a3 རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་དེ། བུད་བྱེད་ཀྱི་དངོས་པོ་ལན་ཉེས་ཐོབ་པར་འགྱུར་བ་དེ་མི་གནས་མྱེད།
210a4 དེ། སྨོན་ལམ་གྱི་དབང་གྱིས་ལེན་པ་མེ་ཏོགས་སོ།། ཤ་རིའི་བུ་ཀན་ས་མ་ཡིན་ཞིང་གོ་སྐབས་མྱེད་དེ།། ཤ་རེའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང
210a5 འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་།། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་ན། རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་དེ་རྒྱལ་པོས་འཇིགས་པར་འགྱུར་བ་འམ། རྐུན་པོས
210a6 སམ། མྱེས་སམ་ཆུས་སམ། མ་རུངས་པས་སམ། ཀླུས་སམ་གནོད་སྦྱིན་གྱིས་སམ། དྲི་ཟས་སམ། ལྷ་མ་ཡིན་གྱིས་སམ། ས་སམ། མྱེ་མ་ཡིན་པས་འཇིགས་པར་འགྱུར་བ་འམ། ག་གས
210a7 ཀྱང་ཀླག་རྙེད་པར་འགྱུར་བ་དེ་ནི་གནས་བྱེར་རོ།། ལས་ཀྱི་རྣམ་པར་སྨིན་པ་དྲག་ཡོད་རྟོགས་ཏེ། དེ་ཡང་ཆུང་ངུ་མྱོང་ཞིང་མར་དུ་མྱོང་བར་མྱི་འགྱུར་རོ།། དེ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དོར་ཀ
210a8 རྩོམ་ཡང་རུང་སྟེ། དེ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་འགྱུར་གྱི།། འགྲིབ་པར་མྱི་འགྱུར་བར་རེ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩ་ལར་ཏོ།། འཇིག་རྟེན་མགོན
210a9 པོ་དེ་དག་གི་མཚར་རྣམས་འཛི་དད་པར་བྱེད་པ་ནི། མྱེ་ཁོམ་ཐམས་ཅད་ཡོངས་སྤངས་ནས། མྱུར་ཏུ་བཟང་འགྲོར་འགྲོ་བར་འགྱུར།། སངས་རྒྱས་བྱུང་བ་མཉེས་བྱས་ནས། སྟོན་པ་དེས་མཐོང་དང་བྱེད་ཅིང་།། འཇིག་རྟེན