| e-texts navigator |
| Wylie |
209b1 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པད་པ་ལ་རྣམ་པར་གནོན་པས་བཞུད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་ཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤ་རིའི་བུ་སངས་རྒྱས་ཀྱི་ཞིང་།
209b2 འདྲིནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་ག་ཀྲུང་བརྒྱད་ཀྱི་བྱེ་བ་སྙེད་འདས་པ་ས།། འཇིག་རྟེན་གྱི་ཁམས་སྐུ་དབྱངས་སྤྱད་པ་ཞེས་བྱ་བ་ཡོད་དེ། དེ་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
209b3 པའི་སངས་རྒྱས་རིན་པོ་ཅིའི་པད་མ་ལ་རབ་ཏུ་གནས་པ་ས་ལའི་རྒྱས་མོ་ཞེས་བྱ་བར་ལྟར་བཞུགས་ཏེ། འཚོ་ཞིང་ཀ་ཞེས་ལ་ཆོས་ཀྱང་སྟོ་དང་ཏོ།། ཤ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་དང
209b4 དག་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་ཡཱ་མྱེད་ངོ་།། ཡ་མཚམཿ། ནཐམས་ཅད་མྱེད་དོ།། གསེག་མ་དང་གྱོ་མོ་མྱེད་དོ།། ཉེ་བའི་ཉོ་དམོངས་པ་བྱེད་དོ།། བུད་བྱེད་མྱེད་དོ།། དུད་འགྲོ་དང་གཤིམ་རྗེའི་འཇིག
209b5 རྟེན་ཡང་བྱེད་དོ།། སྦྲང་བུ་དང་། ཤ་སྨང་དང་། སྡིག་སྤྲུལ་གྱིས་ག་པ་རྣམས་མྱེད་དོ།། ཤ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་དུ། མོ་གང་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱི་མཚན་ཉན
209b6 པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ངན་སོང་གསུམ་དུ་འགྲོ་བ་དེ་ནི་གནོས་མ་ཡིན་ཞིང་གོ་སྐབས་མྱེད་དེ། ཤ་རིའི་བུ་དེ་དག་སེམས་ཅན་དམྱལ
209b7 བ་འམ། དུད་འགྲོའི་སྤྱི་གནས་སམ། གཤིན་རྡོའི་འཇིག་རྟེན་དུ་འགྲོ་བ་རེ་ནི་གནས་མྱེད་དོ།། མཚམས་མྱེད་པ་བྱེད་པ་དང་། རབ་པའི་ཆོས་སྤོང་བའི་གང་ཟག་ནི་མ་གཏོགས་ཏེ། དེ་ཡང་ཆུང་ངུ་མྱོང་ཞིངག་མང་དུ་མྱོང
209b8 བ་འགྱུར་རོ།། ཤ་རོའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སོདང་པ་དང་། རབ་ཏུ་འདོན་པ་དང་།
209b9 ཀུན་ཆུབ་པར་བྱེད་པ་དེ། བྱང་ཆུབ་ཀྱི་སྙིང་པོ་ལ་ལུག་གི་བར་དུ་ནམ་ཡང་མངོན་པར་ཤེས་པ་དང་བྲལ་བར་གྱི་འགྱུར་རོ།། ནམ་ཡང་མཚན་དང་བྲལ་བར་མྱི་འགྱུར། ནམ་ཡང་གཟུངས་དང་བྲལ་བར་མྱི་འགྱུར་བ་ནམ