e-texts navigator
Collection
Volume
Page
Wylie

115b1 བཞི་བརྟན་པར་གཞོག། སོ་སོ་རིག་པར་རིམ་ཅེད་ན།། འགྲོ་བ་སྐལ་ལྡན་ཐོགས་མྱེད་སྐྱེལ།། རིན་ཅེན་བཙུན་མོ་དཔལ་མངའ་སྟེ།། སེམས་ཅན་ཀུན་ལ་བདེ་བ་སྟོབས།། རིན་ཅེན་ནོར་བུ་འོད་མངའ་སྟེ།། དེས་རེག་སོས།
115b2 ཀྱི་སྣང་བ་འཐོབ།། ཆོས་ཕྱར་རིམ་ཅེར་ཁྱིམ་བདག་སྟེ།། བདེ་བཤེགས་ས་བོན་གཏེར་ཡང་གཟིགས།། བྱིན་བརླབས་རིམ་ཅེན་བློན་པོར་མངའ།། ཅི་བཞེད་དེ་བཞིན་མཉེས་པར་འབུལ།། རིན་ཅེན་རལ་གྱིས་ཤེས་རབ་ཡང་།
115b3 སྤྱོང་དགུ་གནས་སུ་རང་དབང་འགྲོ།། ཀྲི་སྣང་དཀར་རྒྱ་རིན་ཅེན་དཔགས།། དགེ་བླངས་སྡིག་བོར་སྐད་ཀྱི་ཚུལ།། རིན་ཅེན་མལ་དུ་བསམ་གཏན་བཅས།། གཡེར་དང་འཁྲུག་མྱེད་བདེ་ཞིང་འཇམ།། མཐར་ཀྱིས་དགུ་མྱོད་ཚལ་དུ་མད
115b4 དགའ་བསིལ་གྲིབ་མ་དབེན་དང་ལྡན།། རིན་ཅེན་ཁྱིམ་དུ་སྟུག་པོར་བཀོད་དརྣམ་པར་གསུམ་གྱི་སྒོ་དང་ལྡན།། རིན་ཅེན་གོས་སུ་གཙང་ཀནས་དལ།། ཁྲེལ་ལྟས་ཆོས་ཀྱིས་རྣམ་པར་འགྱེབས།། རིན་ཅེན་ལཱམ
115b5 དུ་མཁྱེན་རྐང་ལྡན།། གར་འགྲོ་ཅི་བཞེད་ཐོགས་པ་མྱེད་།། དེ་འ་འི་རིན་ཅེན་རྣམ་གྲངས་པ།། གང་གི་རྫས་ཀྱང་དཔེ་མྱི་བཟོད།། རིས་པ་ཁ་དོག་གནམ་འདྲ་བསྡམས།། བྱང་ཆུབ་མཆོག་སྡོད་ཁྱོད
115b6 ལ་མངལ།། བཅུད་མི་བདུད་རྩི་ཕན་མང་བྱེད།། ངེས་པར་རིལ་བ་བདུད་རྩི་ཕྱིན།། གཟུགས་ཀྱི་མཆོག་ནི་རིལ་བར་སྣང་།། བྱམས་པ་ཆེན་པོ་བདུད་རྩི་བཞིན།། ཆོས་ཀྱི་ཚུལ་ནི་ཁམས་གསུམ་བསིལ།། ཉོན་མོངས་ཀྱུ
115b7 ཤིང་བསྣམས་པ་སྨན་གྱི་མཆོག། ཀར་སྐྱེས་ནམ་བྱུང་དུས་དང་སྦྱོར།། ངེས་པར་ཤིང་མྱིན་ཡོན་ཏན་ཚོགས།། སྡུག་བསྔལ་ནད་ལ་སྨན་དུ་འགྱུར།། དཔལ་གནས་རིན་ཅེས་མཛེས་པའི།། མཆོད་རྟེན་དབུ་ལ་བསྣམ
115b8 བའི་ནི།། མཆོད་རྟེན་མྱིན་ཆོས་ཀྱི་དབྱིངས།། ཆོས་ཉིད་བཀུར་སྟིར་དབུ་ལ་བསྣམས།། དགེ་བ་བཅུ་ནི་རྨངད་དུ་འགྱུར།། ཐེག་པ་གསུམ་གྱི་ཁྲི་འཕང་བཅས།། རྣམ་ཐར་བརྒྱད་ཀྱི་ཐར་མ་སྨྲས།། ཆོས་སྡེ་བཅུ་གཉིས
115b9 འཕྲེང་བར་བྱས།། ཆོས་དབྱིངས་སྤོས་མྱང་བུམ་པར་སྣང་།། བྱིན་རླབས་དམ་པ་མུ་ཉུར་བཏགས།། སྨོན་ལམ་ཆེན་པོའི་སྲོག་ཤིང་བཙུགས།། སྙིང་རྗེ་ཆེན་པོ་གདུགས་སུ་འགབས།། ཟག་མྱེད་ཆོས་ཀྱི་ཆར་ཀ་བ་ཝཱ




iiif viewer powered by OpenSeadragon

115a - 116a

Texts on this page

Ng45.5 - khams gsum gyis bstod pa