e-texts navigator
Collection
Volume
Page
Wylie

115a1 རྟགས་བསྟན་ཏེ།། དེ་དག་འདུལ་དབང་ཐབས་ཤེས་གསུང་།། སྔོན་གི་ཚུལ་དང་སྦྱར་བསམས་ན།། བདེ་གཤེགས་ཀུན་ཀྱང་ཚོགས་མཉམ་པར།། བྱམས་པར་བརྗོད་པ་སངས་རྒྱས་རྟགས།། ཐེ་ཙོམ་དེ་བསྩལ་ཁྱོད་ལ།
115a2 འོས།། སྐུ་དང་ལོས་སྤྱོད་དཔེ་མྱེད་པ།། བདག་འདྲའི་སྤྱོད་ཡུལ་མྱི་འགྱུར་ཏེ།། གཟུགས་བྲིས་མཐོང་ལས་འོས་དཔགས་ནས།། མངའ་དཀུའི་ལྷ་རྫས་ལགས་སུ་གཟུང་།། གདན་གྱི་པད་མ་རིན་ཅེན་གྲང་།། ཆུ་བ་མེ
115a3 ཏོག་འཚེར་ཞིང་ལེགས།། སྙིང་པོ་ཡངས་ལ་ཟེ་བ་བཟང་།། ཉིན་མཚན་འབྱེ་འཇུག་དུས་དང་འཐུན།། བཟང་སྡུག་མེ་ཏོག་ཀུན་ལས་འཕགས།། པད་མར་ངེས་སམ་གཞན་ཞིག་སྙམ།། ཐེ་ཙོམ་རྟོག་འདོད་གཞི་རུ་ཆེ
115a4 མངའ་བརྙེས་འགྲོ་བའི་ཕན་པས་རོལ།། ཡོན་ཏན་པད་མ་འདྲ་སྤྲུལ་ཏམ།། ཐོག་དྲུང་དཔེ་ལེགས་བཟང་སྡུག་པ།། ཁྱོད་ཀྱི་རིམ་རྟེན་ཆོས་སུ་འོས་དཀྱིལ་ཡངས་རྒྱ་ཆེན་སྤྱོད་ཀྱི་ཚུལ།། ཟེ་བཟངས་ཉམས
115a5 བྱེད་འཁོར་གྱི་དཔེ།། འབྱེ་འཛུམས་དུས་བཞིན་འདས་མྱི་ཆགས།། དུས་གཞེས་འཇིག་རྟེན་མྱི་ཆགས་ཚུལ།། འཁོར་ལོས་སྒྱུར་བའོ།། རྒྱལ་པོ་ནི།། སྔོན་ཤེད་དགེ་བཅུ་རྫོགས་ཀྱི་དོན།། རིན་ཅེན་བདུན་ལ
115a6 དབང་བར་འགྱུར། ཉེ་བའི་རིན་ཅེན་རྐྱེན་དུ་གྲུབ།། གསེར་གྱི་འཁོར་ལོ་དབང་བྱེད་དང་།། གླང་པོ་ཅང་ཤེས་ཐལ་ཀར་གཉིས།། རྟ་མཆོག་རིན་ཅན་མགྱོགས་པ་དང་།། བུད་མྱེད་རིན་ཅེན་ཡིད་འོང་བཞི།། ནོར་བུ་རིན
115a7 ཅེན་འོད་དང་ལྡན།། ཁྱིམ་བདག་རིམ་ཆེན་དགོངས་འབྱོར་དྲུག། བློན་པོ་ར་ནི་ཅན་ཡིད་བཞིན་བདུན།། དེ་དག་ལོངས་སྤྱོད་རྐྱེན་ཏུ་གྲུབ།། ཉེ་བའི་རིན་ཅེན་རལ་གྱི་དང་།། ཅིས་བྱེ་ཤིགས་པའི་པགས་པ་དང་། དམ་པའི་ལམ་མཆོག
115a8 དགོན་པ་དང་།། འདོད་པ་ལྔ་ལྡན་ནགས་ཚལ་བཞི།། ཁྱིམ་རབ་བསམ་དཀུར་ལྡན་པ་དང་།། གོས་མཆོག་རང་འབྱུང་ཡང་དང་དྲུག། ལྷམ་མཆོག་དཔག་ཚད་བརྒྱད་འགྲོས་འདུད།། དེ་འདྲའི་རྫས་འཆང་བཙུན་པ
115a9 གྲགས།། ཁྱོད་ནི་ཆོས་ཀྱི་འཁོར་ལོ་རྗེ།། བདུད་བཏུལ་རྒྱལ་བ་འགྲོ་བའི་གཙོ།། འཁོར་ལོར་ཆོས་ཀྱི་འཁོར་ལོ་མངའ།། ནམ་མཁའི་མཐར་སྙོམ་དབང་ཡང་སྦྱར།། རིན་ཅེན་གླང་པོར་ཐེག་པ་གཅིག། དེ་ལ་རིགས།




iiif viewer powered by OpenSeadragon

114b - 115b

Texts on this page

Ng45.5 - khams gsum gyis bstod pa