e-texts navigator
Collection
Volume
Page
Wylie

114b1 གཉེན་སྐྱབས་དཔའགོན་འགྱུར་ཏེ།། འདོད་ཁམས་མཐོ་རིས་དཔེ་ལས་འདས་དོན་ཐོབ་པར་ཤོག། མ་འདྲེས་བཅོ་བརྒྱད་མངའ་བའི་ཚུལ་བརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་སངས་རྒྱས་མ་འདྲེས་ཆོས་རྫོགས་ཤེ།
114b2 ལཱ་མྱེ་འཕགས་པའི་ཚོགས་ཀྱིས་ཡོངས་སུ་མཆོད་བཀུར་སྟེ།། གཟུགས་ཡོད་མཐོས་རིས་དཔེ་ལས་འདས་དོན་ཐོབ་པར་ཤོག། མྱི་གནས་མྱ་ངན་འདས་པའི་ཚུལ་བརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་འགྲོ་བ།
114b3 ཀུན་གཟིགས་སར་ཆུད་ཅིང་།། དུས་གསུམ་བདེ་གཤེགས་ཡེ་ཤེས་མཆོག་ལ་གནས་གྱུར་ད་ཏེ།། གཟུགས་མྱེད་རྣལ་འབྱོར་དཔེ་ལས་འདས་དོན་ཐོབ་པར་ཤོག།། #།། བསོད་ནམས་བསྔོ་བ
114b4 ལེའུ་སྟེ་ཉི་ཤུ་གཅིག་པའོ།། ། @6།། འཕག་བྱས་པ་ལ་བསྟོད་པ་རྫོགས་སོ།། @#།། ཁམས་གསུམ་གིས་བསྟོད་པ་ཞེས་བྱ་བ།། འཕགས་པ
114b5 ལ་བསྟོད་པ་ཐེ་ཅོམ་བསལ་བའི་ལེའུ་སྟེ་དང་བའོ།། ། འཕགས་པའི་མྱི་འཕམ་རྒྱལ་མཆབ་ཁྱོད།། ཤག་ཀྱི་སེང་གེས་ལུང་བསྟན་པ།། ནམ་ཞིག་མངོན་པར་སངས་རྒྱས་ཚེ།། མྱིང་ནི
114b6 བྱམས་པ་བརྗོད་ཅེས་གསུང་།། དེ་ནས་བྱམས་པར་གྲངས་པ་ལ། འགལ་དང་ནོར་བར་འཛིན་པ་འབྱུང་།། དེ་ཡི་མེ་ཅོམ་འདིས་བསྐུལ་ཞིང་།། ཆོས་རྗེའི་ཡོན་ཏན་མ་ཅམ་སྨོས།། འགལ་བའི་སྤྱོད་ཏུ་བགྱིད་པ་དེ།།
114b7 སྦྱིན་ཏུ་རུང་བ་སྨན་ལགས་ཀྱང་།། སྦྱིན་པར་བགྱི་བའི་དུས་ཤེས་པས།། མཚན་དང་ས་གཉིས་སྤེལ་ཞིང་འདྲ།། ཐབས་མཁས་ཆེན་པོའི་རྒྱ་གཏིང་སྟེ།། འདུལ་བའི་སྒོ་མང་སྟོན་པ་ན།། མངོན་སངས་རྒྱས་ནས་རིང
114b8 ལོང་ཀྱང་།། ད་ཅུང་རྒྱལ་སྲས་ཚུལ་འཛིན་གྲང་།། ཁྱོད་ནི་ལམ་གྱི་འདྲེན་མཁྱེན་ལ།། ཐམས་ཅད་རྣམ་པར་མཁྱེན་བརྗོད་པ།། རང་བཟོར་མ་བྱས་གཏན་ཚིགས་སུ།། ཆོས་ཀྱི་ཕུན་ད་རི་ཀ་བཞུགས།། ཤག་ཀྱ་སངས
114b9 རྒྱས་རིང་མ་ལོན། བྱང་ཆུབ་ས་རུམ་འབོན་པ་གཟིགས།། དེ་ཀུན་པའི་འཁོར་ཞེས་གསུང་།། དེ་ལ་བལ་ཡང་བེ་ཙོམ་སྐྱེད།། ང་ནི་སྐལ་པ་གྲངས་བྱེད་དུ།། བྱི་མཛེས་འདི་རུ་སངས་རྒྱས་པའོ།། བསློབ་མ་སྦྱིན་བྱས




iiif viewer powered by OpenSeadragon

114a - 115a

Texts on this page

Ng45.5 - khams gsum gyis bstod pa
Ng45.4 - 'phags pa byams pa la bstod pa