e-texts navigator
Collection
Volume
Page
Wylie

114a1 ཅད་འདྲེན་པའི་དཔུང་གཉེན་སྐྱབས་གྱུར་ད་ཏེ།། རི་རབ་བང་རིམ་དཔེ་ལས་འདས་དོན་ཐོབ་པར་ཤོག། གཟུངས་མཆོག་བཅུ་གཉིས་མངའ་བ་བརྗོད་དེ་བསྟོད་པས་ན།། སེམས་ཅན་མ་ལུས་གཟུངས་མཆོག
114a2 གྲངས་མྱེད་ཀུན་རྫོགས་ཤིང་།། མཐའ་ཡས་ཆོས་རྣམས་རྣམ་པ་ཀུན་ཏུ་བྱང་ཆུབ་སྟེ།། རི་རབ་བང་རིམ་དཔེ་ལས་འདས་ཉི་རློབ་པར་ཤོག། མཐུ་ཆེན་དབང་བཅུའི་ཆོས་རྣམས་བརྗོད་དེ་བསྟོད་པས་ར་། སེམས་ཅན
114a3 མ་སུས་དབང་སྒྱུར་ཆོས་རྣམས་ཀུ་རྫོགས་ཤིང་།། གྲངས་མྱེད་ཆོས་ལ་ཡིད་བཞིན་འདོད་དགུར་དབང་སྦྱར་ཏེ།། རིང་བ་རོས་བཅུ་པ་ལ་ལ་མྱེད་པ་བརྗོད་དེ་བསྟོད་པས་རུ།། སེམས་ཅན་མ་ལུས་ཐམས་ཅད་བསྟོབས་བཅུ་ཀུན
114a4 རྫོགས་ཤིང་།། བདུད་དང་དཔུང་བཅས་རྒོལ་བས་མྱི་ཐུབ་ཆོས་ལ་ན་ཏེ།། རི་རབ་ངོས་བཅུའོ་དཔེ་ལས་འདས་དོན་ཐོབ་པར་ཤོག། མྱི་འཇིགས་སྡེ་བཞི་མངའ་བ་བརྗོད་བསྟོད་པས་ན།། སེམས་ཅན
114a5 མ་ལུས་ཐམས་ཅད་མྱི་འཇིགས་བཞི་ལྡན་ཏེ།། ལོག་པས་བརྒྱ། ད་བར་རྒོལ་བའི་ཚིག་སྨྲ་མྱི་གྲག་སྟེ།། རི་རབ་རྩེ་བཞི་དཔེ་ལས། འདས་དོན་ཐོབ་པར་ཤོཀ།། བདེ་གཤེགས་སྒྲ་གསུམ་མངའ་བའི
114a6 ཚུལ་བརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་རྒྱལ་བའི་སྐུ་གསུམ་ཡོངས་རྫོགས་ཤིང་།། མྱི་མཉམ་མཉམ་པའི་སྐུ་མཆོག་བླ་ན་མྱེད་གྲུབ་སྟེ།། ཉི་ཟླ་ནམ་མཁའ་དཔེ་ལས་འདས་དོན་ཐོབ
114a7 བར་ཞོག། སྐུ་དང་དབུའི་འོད་མཆོག་ཚུལ་འརྗོད་བསྟོད་པས་ན།། སེམས་ཅན་མ་ལུས་འོད་གཟེར་གྲངས་མྱེད་ཚོགས་ལྡན་ཞིང་།། སྣ་ཚོགས་འོད་ཀྱིས་འཇིག་རྟེན་མཐའ་ཡས་ཀུས་ཁྱེན་ཏེ།། གཉི་ཟླ་མ་ཁྱིམས
114a8 པའི་དཔེ་ལས་འདས་དོན་ཐོབ་པར་ཤོག། ཁྲོ་བོ་རང་རྒྱུད་ཉན་ཐོས་ཚུལ་བསྟོད་བརྗོད་ལྡན།། སེམས་ཅན་མ་ལུས་མངའ་ཆེན་མཐུ་ལྡན་ཡོངས་རྫོགས་ཤིང་།། མྱི་ལྡོག་བྱང་ཆུབ་སེམས་དཔའི་འཁོར་དང་ལྡན་འགྱུར
114a9 ཏེ། གཟ་དང་རྒྱུ་སྐར་དཔེ་ལས་འདས་དོན་ཐོབ་པར་ཤོག། ཐུགས་རྗེ་ཆེན་པོས་སེམས་ཅད་ཁམས་གཟུང་བརྗོད་པསྟོད་པས།། སེམས་ཅན་མ་ལུས་ཐམས་ཅད་ཐུགས་རྗེ་ཆེ་རྫོགས་ཤིང་།། འགྲོ་བ་ཀུན་ཀྱང་དདུང




iiif viewer powered by OpenSeadragon

113b - 114b

Texts on this page

Ng45.4 - 'phags pa byams pa la bstod pa