| e-texts navigator |
| Wylie |
112a1 གན་#ས་འཇིག་གས་ང་།། སུལ་ན་ལ་ཤེས་ས་པ་།
112a2 བསུ།། གསུང་གི་འཚ་ལས་ཡེ་ཤེས་རློན་འམརྗེས་འདུག་པས།། ལུང་བསྟན་ཆོས་བགད་ཐམས་ཅད་དོན་ཡོད་ཆེན་པོ་འཇོག།། ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་འགྲོ་ལའི་རྗེས་འཇུག་པས།། སེམས་དང་སེཾ་ད
112a3 རྣམ་ཤེས་མཚན་དུ་བརྗོད་ལས་གྲོལ།། འདས་པའི་དུས་ལ་མ་ཆགས་མ་ཐོགས་མཁྱེན་འཇུག་པས།། སྔོན་ཚེ་ཅི་བྱུང་མི་འགགས་བགྲང་བའི་ཚུལ་གྱིས་མཁྱེན།། མ་འོངས་དུས་ལ་མ་ཆགས་མ་ཐོགས་མཁྱེན་འཇུག
112a4 པས།། འབྱུང་འགྱུར་འཇིག་འགྱུར་མ་ལུས་མངོན་སུམ་ཉིད་ཀྱི་ས་མཁྱེནད།། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་མཁྱེ་ནད་འཇུག་པས།། ཆོས་རྣམས་སྐད་ཅིག་རྡུལ་ཕྲན་ཡན་ལག
112a5 ཆད་ཇི་བཞིན་མཁྱེནད།། མ་འདྲེས་བཅོ་བརྒྱད་མངའ་ཡང་སངས་རྒྱས་ཀུན་དང་མཉམ།། རྟག་ཏུ་མཉམ་པར་བཞག་ཀྱང་སེམས་ཅན་དོན་མང་མཛད།། རྟོག་པ་ཐམས་ཅད་སྤངས་ཀྱང་མཁྱེནད་པས
112a6 རྣམ་པར་རོལ།། བསམ་གྱིས་མྱི་ཁྱབ་ཆོས་མངའ་ཁྱོད་ལ་ཕྱག་ཀྱང་འཚལ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ལེའུ་སྟེ་བཅུ་བདུན་པའོ།། ། གཟུགས་མྱེད་རྣལ་འབྱོར་བཞི་ལ་གནས་པ་ལྷའི་རྣམས
112a7 གཟུགས་ཀྱི་རྣམ་བྲལ་ནད་ཀྱིས་རྩེ་བ་ཀུན་མྱེད་དེ།། ཁ་དོག་དབྱིངས་ཀྱིས་བགྲང་བ་དེ་དག་མྱི་དམྱིགས་ཀྱང་།། སྐྱེ་བོའི་ས་རུ་དབྱེ་བ་སེམས་ཀྱི་རིམ་པ་ཡོད།། ཁྱོད་ལ་མྱི་གནས་མྱ་ངན་འདས་པའི་མཆོག་མངའ་བ།། གྲང
112a8 ཟག་ཆོས་སུ་བརྗོད་པའི་གཟུགས་རྣམས་ཡོངས་སྤངས་ཏེ།། སྤྱོད་ལམ་ཀུན་ལ་སྤྱོད་ཀྱང་ཤིན་ཏུ་མཉམ་བཞག་པ།། བྱང་ཆུབ་མཐའ་ཡས་ནམ་མཁའ་མརྫ་ཡ་ཚུལ་དང་འདྲ།། ཆོས་ཀྱི་དངོས་པོ་རྡུལ་ཙམ་དམྱིགས་མྱེད
112a9 པ།། གཟུང་དུ་ཅིའང་མྱེད་པ་ཆུང་ཟད་མྱེད་དང་འདྲ།། གཟུང་དང་འཛིན་པ་སེམས་ཙམ་ཉིད་དུ་ཐུགས་ཆུད་པ།། སེམས་ལས་གང་ཡང་མྱེད་པ་རྣམ་ཤེས་མཐའ་ཡས་འདྲ།། རྟོག་པ་ཀུན་གྱིས་དབེན་པ་ཡེ་ཤེས་རྣམ