| e-texts navigator |
| Wylie |
107b1 བ་མཁྱེནད།། དབང་པོ་སྣ་ཚོགས་རི་བའི་སྟོབས་མཆོག་མངའ་བས་ན།། རབ་འབྲིང་ཐ་མའི་དབང་པོ་གང་ལས་ཅིར་འགྱུར་མཁྱེ་ནང་།། ཀུན་ཏུ་འགྲོ་བའི་ལམ་རིག་སྟོབས་མཆོག་མངའ་བར་ན།། ལམ་གཽ་རྣམ་པ་གང་གིས
107b2 ཅིར་འབྱུང་མཁྱེནད་།། ཏིང་འཛིན་སྔོ་འགྲོ་ལྡང་རིག་སྟོབས་མཆོག་མངལ་བས་ན།། ཀུན་ནས་ཉོན་མོངས་རྣམ་དག་གང་གིས་འཐོབ་པ་མཁྱེན།། སྔོན་གི་གནས་དགོངས་རིག་པའི་སྟོབས་མཆོག་མངའ་བས་ན།། བདག་དང
107b3 གཞན་གི་སྔོན་ཚེ་མཐར་གཏུག་མཁྱེན།། མངོན་མཛད་འཕྲུལ་ཀྱཻ་སྱན་རིག་སྟོབས་མཆོག་མངའ་བས་ན།། ནམ་མཐའི་མཐའ་གཏུགས་ཆོས་རྣམས་ཐམས་ཅད་མ་ལུས་གཟིགས།། མངོན་མཛད་ཟག་པ་ཟད་རིག་སྔོན
107b4 གཽ་སྟོབས་མཆོག་མངའ་བས་ནི།། བག་ཆགས་མཚམས་སྦྱོར་ཀུན་བཅོམ་ཆོས་སྐུ་རབ་བརྙེས་མཁྱེན།། སྟོབས་བཅུའི་དབྱིག་དང་ལྡན་པས་གཟིགས་མངའ་མཐུའི་ཕུལ།། ལེགས་ཀྱི་ལྷུན་སྟུག་བརྟན་པ་མཆོག་ལ
107b5 ཕྱག་ཀྱང་འཚལ།། ར~ཾ་བར་ཟླ་བཞི་རྩེ་མོ་ཤིན་ཏུ་མཐོ་གནས་ལ། གནོད་སྦྱིན་དཔའ་བོ་ལག་ནརྡོ་རྗེའི་སྡེ་བཞི་གནས།། གདུལ་ད།། འོ་ཅྀས་མྱི་ཐུབ་པ་དམ་སྡེའི་འཇིགས་ཁས།། རྫུ་འཕྲུལ་དབང
107b6 ཐོབ་ཅིང་གཟི་པ་བརྗིད་མཆོག་ཀྱང་འབར།། ཁྱོད་ཀྱི་ཡེ་ཤེས་པ། ཞི་པོ་ཕུལ་འབྱུང་རྩེ་མོ་ལ།། མྱ་གཇིགས་སྡེ་བཞིའི་སྤོབས་པའོ། མཚོན་ཅན་གནས།། བདུད་དང་བཅས་ཀྱིས་དགྲ་རྣམས་རྒོལ་བའི
107b7 སྡེ་འཇིག་མ་ཁས།། ཀུན་ལས་རྣམ་པར་རྒྱལ་བའི་ཡོན་ཏན་མཆོག་ཀྱང་འབར།། ཟག་པ་མ་ལུས་ཐམས་ཅད་ཟད་པར་ཐུགས་ཆུད་དེ།། བར་ཆད་ཆོས་རྣམས་གཞན་དུ་མྱི་འགྱུར་ལུང་སྟོན་ཅིང་།། འབྱུང་བའི་ལ
107b8 རྣམས་ཕུན་སུམ་ཚོགས་འགྱུར་མྱི་བསྙེངས་པས།། མངོན་པར་སངས་རྒྱས་ཁྱུ་མཆོག་སེང་གེའི་ངདོ་སྒྲོག། དབང་པོ་གདུལ་དཀའ་ཕྱི་འདྲ་དངོས་ལ་ཁྱོད་ཞུགས་པས།། གནོད་སྦྱིན་སྔ་དང་རྡོ་རྗེ་མཚོད་ཀྱང་དཔེར་གྱི
107b9 ཟོད།། མྱི་འཇིགས་བཞི་མཐུས་དོགས་མྱེད་བདེ་དགྱེས་མཆོག་ཀྱང་བརྙེས།། དེ་འདྲའི་རྨད་ཆོས་སྡེ་བཞི་མངའ་ལ་ཕྱག་ཀྱང་འཚལ།། དབང་སྒྱུར་གྱི་ཆོས་ཕུན་སུམ་གྱི་ལེའུ་སྟེ།། བཅུ་གཅིག་པའོ།།