| e-texts navigator |
| Wylie |
107a1 སྨོད་པ་ཡིད་བཞིན་རངས་པ་ཐོབ།། བཏར་ཞིང་དགའ་བ་དེའི་སྤྱོད་པས་ཀུན་ཏུ་ཕན་འདོགས་ལ།། སྡུག་བསྔལ་སྨང་དགུ་ཏུ་ཕན་འདགས་སོ།། སྡུག་བསྔལ་སྤོང་དགུ་ཁྱོད་ཀྱི་སྐྱབས་སུ་འདོད་པར་མོས་དབང་བཅུ་དེ
107a2 དག་སོ་སོ་འི་ཡོན་ཏན་དམྱིགས་བརྗོད་ན།། ཚེ་ལ་མངའ་བས་ཚད་མྱེད་བསྐལ་པར་བྱིན་གྱིས་རློབ།། སེམས་ལ་མངའ་བས་བརྗོད་འདས་ཏིང་ངེ་འཛིན་ཀུན་ལ་འཇུག། ཡོ་བྱད་མངའ་བས་གྲངས་མྱེད་འཇིག་རྟེན་བཀོད་པ་སྒྲུབ
107a3 ལས་ལ་མངའ་བས་དུས་ཚུལ་འཐུན་པར་རྣམ་སྨིན་སྟོན་སྐྱེ་ལ་མངའ་བས་འཇིག་རྟེན་ཀུན་ཏུ་རང་དབང་འབྱུང་།། མོས་པ་མངའ་བས་ཆོས་དབྱིངས་རྒྱལ་བར་གཟིགས།། སྨོན་ལམ་མངའ་བས་ཞིང་དུས་གར་བཞེད་མངོན་ཆད
107a4 རྒྱ།། རྫུ་འཕྲུལ་མངའ་བས་འཇིག་རྟེན་ཀུན་ཏུ་རྣམ་པར་འཕྲུལ། ཆོས་ལ་མངའ་བས་ཆོས་སྒོ་མཐའ་དང་དབུས་མྱེད་སྟོང་།། ཡེ་ཤེས་ས་དངའ་བས་སངས་རྒྱས་ཆོས་རྣམས་མངོན་ཏུ་གྱུར།། དབང་བཅུའི
107a5 མཆོག་དང་ལྡན་ལ་ཕྱག་ཀྱང་འཚལ།། རི་བོ་དེའི་ངོས་བཅུ་ནང་དུ་ལྟ། ས་པ་ཡང་།། རྒྱུ་ནི་ལྷ་རྫས་རིན་ཅེན་བཞི་ལས་གྲུབ་པ་ཡིན།། ལྷུན་སྟུག་མཁྲང་བའི་སྟོབས་ནི་དཔེ་ཟླ་རེ་ལ་མྱེད།། བརྟན་མཆོག
107a6 སྲ་བོའི་ཕུལ་ལ་ཅིས་ཀྱང་གཡོས་མྱི་སྲིད།། ཁྱོད་ལ་ནང་ནས་མཁྱེན་པོའི་སྟོབས་བཅུ་མངའ་བོ་ནི།། བླ་མྱེད་དམ་པའི་ཡེ་ཤེས་རྣམ་དག་བཞི་ལས་བྱུང་།། བསྒོམས་པའི་ཚོགས་ཀྱིས་འཕགས་ཏེ་ཤེས་པ་ཀུན་ལས་འདས
107a7 བློ་མཆོག་བརྟན་པའི་སྟོབས་ལ་སྒྲིབ་དགུས་འགེ་བས་མྱི་ནུས།། ཉན་ཐོས་རང་རྒྱལ་བ་ལ་ལ་མྱེད་པའི་སྟོབས་བཅུ་པོ།། གནས་དང་གནས་མྱིན་རིག་པའི་སྟོབས་མཆོག་མངའ་བས་ན།། གནས་ཡོད་འཐད་དང་གནས་མྱེད་སྐབ
107a8 བྱིན་ཡང་དག་མཁྱེ་ནད་།། ནམ་མཁའ་མཐའ་ཡས་གཏུགས་པར་གར་ཡང་ཐུགས་སུ་ཆུད།། ལས་ཀྱི་རྣམ་སྦྱིན་རིག་པའི་སྟོབས་མཆོག་མངའ་བས་ན།། དུས་གསུམ་ལས་ཀྱི་རྒྱུ་གནས་རྣམ་པར་སྤྱོད་པ་མཁྱེནད།། མོས
107a9 པ་སྣ་ཚོགས་རིག་པའི་སྟོབས་མཆོག་མངའ་བ་ན།། ཅིག་ནས་གར་མོས་རབ་འབྲིང་ཐ་མ་ཀུན་ཏུ་མཁྱེནད།། སྣ་ཚོགས་རྣམས་རིག་པའི་སྟོབས་མཆོག་མངའ་བས་ན།། འདུ་བྱེད་རྣམ་གསུམ་འབྱུང་ལམ་གང་གིས་སྤྱོད