e-texts navigator
Collection
Volume
Page
Wylie

106b1 བའི་མཐར་མྱི་ཟད།། དོན་དང་ཆོས་རྟོགས་རང་བཞིན་བསྟན་ལ་འཁྲུལ་མྱི་མངའ།། ངེས་པའི་ཚིག་མཁྱེནད་གང་བསྟན་མྱི་གསལ་ཐོགས་པ་མྱེད།། སྤོབས་པ་ཆེ་མངའ་ཅི་སྤོར་རྒྱ་བསྐྱེད་པས་མ་འཚལ།། དཔག་ཡས་ཡང་དག།
106b2 རིག་མངའ་ཁྱོད་ལ་ཕྱག་ཀྱང་འཚལ།། བང་རིམ་གོང་མ་རྣམ་གསུམ་རོས་བཞིར་འཁོར་བ་ནི།། ཕྱིར་བསྡོམས་བཅུ་གཉིས་ཡོད་པ་ཀུན་ཀྱང་རི་རབ་འཛིན།། ཀླུ་དང་འགྲོ་བ་མང་གནས་གཏོགས་དཀྱིལ་གཞན་དུ་དཀའ།། འོན
106b3 ཀྱང་གྲངས་དང་རིམ་པ་སྤྱི་ཙམ་བརྗོད་པར་བྱ།། ཁྱོད་ལ་དུས་གསུམ་མཉམ་འདུག་ཅད་ཀྱི་གཟུངས་མངའ་བ།། མཁྱེནད་པའི་ཡོན་ཏན་མྱི་ཉན་མཐུ་ཅན་བཅུ་གཉིས་འགྲངས།། སྤོས་ཏེ་རྒྱས་པར་བརྗོད་ན་བསྐལ་བར་ཟད
106b4 མྱེ་ཤེས།། དོན་མཛད་ཁྱོད་ལས་མདོ་ཙམ་དེ་དག་བྱེང་དུ་བརྗོད། མངོན་པར་དབང་བསྐུར་གཟུངས་དང་ཡེ་ཤེས་ལྡན་པ་དང་།། ནམ་དག་སྒྲ་དབྱངས་མྱི་ཟད་མཛོད་དུ་གྲགས་པར་བཞི།། མཐའ་ཡས་ཀུན་ཏུ
106b5 འཁྱིལ་དང་རྒྱ་མཚོའི་སྒྲ་དབྱངས་དང་།། མ་ཆགས་སྐོར་འཇུག་པད།། མོའི་རྒྱུན་ཏུ་གཟུངས་མཆོག་བརྒྱད།། སོ་སོ་ཡང་དག་མཁྱེན་ལ་ལ་དྲུག་དང་སངས་རྒྱས་རྒྱན།། ཁ་དོག་མཐའ་ཡངས་སངས་རྒྱས
106b6 ཡོན་ཏན་སྒྲུབ་པ་དང་།། དེ་རྣམས་བཅུ་གཉིས་ཡེ་ཤེས་རི་རབ་རྟེན་དུ་གནས།། འགྲོ་བམང་པོའི་གཟུས་ཀྱི་གཅོལ་ལ་ཕྱག་ཀྱང་འཚལ། རི་རབ་ལྷུན་པོ་འི་ངོས་ཕྱིར་ལྟས་པ།། ཀུན་ཀྱང་རིན་ཅེན་དབང་གི
106b7 མཐུ་དང་རྣམ་པར་ལྡན།། ངོས་བཞི་གསེར་རྡུལ་ཤེལ་དང་བེ་དུ་རཱ་ཡིན་ཏེ།། ཕྱོགས་བཞིན་བྱུ་དཀུའ་རི་ཡི་མཚོན་བཞིན་སྣང་།། ཕྱོགས་མཚམས་གྲཝ་བཞི་ནུར་དོད་སྐམས་ཕྱིན་དཔེ་ལེགས་པ།། གླེང་བཞི་སོ་སོར་ཉིན་མཚན
106b8 ཚོང་འཛིན་དབང་ཡང་སྦྱར།། འོག་ཕྱོགས་བརྟན་ཞིང་སྤྱི་བོ་མཉེན་འཇམ་དགའ་བདེ་བ།། ལྷ་སྡེ་མང་པོར་འདུ་ཞིང་དགྱེས་པར་གནས་ཀྱི་གཞི།། དེ་བཞིན་ཁྱོད་ཀྱི་དབང་བཅུ་མངོན་མཛད་ཕྱིར་སྟོན་པ།། ཀུན་ཀྱང་རིན་ཅེན
106b9 རབང་མཆོག་ཀར་ཡང་ཐོགས་པ་མྱེད།། དབང་གི་ཡོན་ཏན་མཐུ་ཡང་རྣམ་པ་དུ་མ་སྟེ།། གང་ལ་ཅིའི་རིགས་དེའི་ཚུལ་དུ་སོ་སོར་སྦྱར།། འཁྲུལ་མྱེད་ཐབས་དང་ལྡན་པས་མཛད་དཀུ་དམྱིགས་སུ་ཕེབས།། འགྲོ་བ་བདཀ་།




iiif viewer powered by OpenSeadragon

106a - 107a

Texts on this page

Ng45.4 - 'phags pa byams pa la bstod pa