e-texts navigator
Collection
Volume
Page
Wylie

102b1 རེག་པ་གཅིག་ལས་བྱང་ཆུབ་གར་འོས་རིམ་པར་བཀོད།། ཉོན་མོངས་དགོན་པའི་རྡུལ་མནན་རྣམ་བྱང་ཉེས་ཀྱི་སྣང་།། ཡོན་ཏན་རླབས་ཆེན་འཇིག་རྟེན་ཀུན་ལས་འཕགས་པའི་སྤྲིན།། འགྲོ་བ་སྣ་ཚོགས་དབང་པོའི་རྗེས་སུ་མཐུན་ཡ་ཛད་ཅིང་།
102b2 དུས་གསུམ་ཆོས་མཁྱེན་དབྱིངས་ཀྱིས་ཡེ་ཤེས་དག་སྐྱེད་པ།། སྐྱེ་བོ་རིན་ཅན་རྒྱ་མཚོར་སྒྱུར་ལ་ཕྱག་ཀྱང་འཚལ།། ། ཡོན་ཏན་སྤྲིན་གི་ལེའུ་སྟེ་བརྒྱད་པའོ།། ། ཁ་བ་ཞུ་འཕང་སེར་བ་དུས
102b3 དུས་འབབ་པ་ནི།། རི་ཀའི་ས་རྡོ་རྗེརྗེམ་པོ་རང་རོང་མཉམ་སྙོམ་པ།། གཡ་བྲག་གཡག་འདྲེན་ནག་པོ་གྲངས་ཀྱི་ཚོགས་སུ་བྱས།། ཆུའི་ཀླུང་བསྐྱེད་ཐབ་དཀོན་གདུང་ཡུལ་དུ་འགྱུར།། དེ་བཞིན་མཐུ་ཆེན་བསྐྱེད་ཁྱེད་ཁ་དང་སེར་བབ་སྟེ།
102b4 ངརྒྱལ་སྙེམས་པས་མཐོ་བའི་རྩེ་མོ་རྣལ་དུ་མཉམས།། ནག་པོ་བདུད་ཀྱི་ཕྱོགས་ཀྱང་བྱང་ཆུབ་གངས་སུ་བསྐྱེད།། རིགས་པའི་ཆུ་བསྐྱེད་འགྲོ་བའི་བསོད་ནམས་ཞིང་དུ་འགྱུར།། མཐུ་སྟོབས་ཚད་མྱེད་ཆེ་བའི་ཁ་བ་སེར་བབ་པ།། བ
102b5 ཞིང་རྒྱལ་གྱིས་ཐུ་བ་མྱེད་མེད་ཀྱི་མཐུས་འདུལ་ཞིང་།། འགྲོ་བ་རིགས་དམའ་ཀུན་ལ་འཕགས་པའི་བརྗིད་ཀྱིས་བསྟབས།། བརྙས་གནས། མཆོད་པའི་ས་རུ་སྦྱར་ལ་ཕྱག་རྒྱ་།། ། རྣམ་པར་ཐར་པོའོ།།
102b6 གངས་བསྐྱེད་པའི་ལེའུ་སྟེ་དགུ་པའོ།། ། གསེར་གྱི་རི་བོ་འཕགས་པ་བདུན་རིམ་འཁོར་བ་དང་།། ཡན་ལག་པ་རྒྱད་ལྡན་ཆུ་བོ་རིམ་བར་འཁྱིལ་བདག། རི་དང་ཆུ་རྣམས་སྤྱི་མཚན
102b7 བསྐུམ་ན་འདྲ་མོད་ཀྱི།། སོ་སོར་བསྔོས་ན་མྱི་འདྲ་ཁྱད་པར་རིམ་པ་ཡང་།། དེ་བཞིན་ཁྱོད་ཀྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དང་།། འཕགས་ལམ་རྣམ་པར་དག་པ་ཡན་ལག་བརྒྱད་པོ་རྣམས།། དེ་དག་སྤྱིར་བརྗོད་བྱང་ཆུབ་ཕྱོགས་སུ
102b8 འདྲ་བ་སྟེ།། གཞན་གྱི་སྤྱོད་དང་ཕྱི་མཉམ་ཁྱར་ཞུགས་རྣམ་པ་ཡང་།། རི་བོ་དུས་འཛིན་མདངས་འབར་ཉེ་བར་ག་ན་བྷ་ནི།། རོས་བཞི་དྲི་མྱེད་གསལ་བར་ཕྱོགས་རྣམས་ཀུན་ཏུ་སྣང་།། ལུན་སྟུག་མཛེས་པའི་ཡོན་ཏན་བརྗོད་པ་གང་ཡཱ
102b9 གྲགས།། ཕྱི་ནང་གདགས་སྲིབས་པར་གྱི་སྐར་མཐོ་ལེགས་དང་ལྡན།། དྲན་པ་ཉེ་གཞག་རྣམ་པར་བྱང་བའི་ཚུལ་བརྟགས་ན།། ལུས་འདི་མྱི་གཙང་དངོས་ཀྱང་ཆོས་སྐུ་གཙང་མའི་རྟེན།། དངོས་ཉིད་མྱི་རྟག་ལགས་ཀྱང་དཀོན་མཆོག།




iiif viewer powered by OpenSeadragon

102a - 103a

Texts on this page

Ng45.4 - 'phags pa byams pa la bstod pa