e-texts navigator
Collection
Volume
Page
Wylie

331b1 ཅན་ཅོད་པན་མཆོག། ཅོད་པན་ཅན་ཏེ་ཆོས་འཛིན་རྡོ་རྗེ་མཆོག། དཔལ་འཛིན་རིན་ཆེན་དམ་པ་འཆང་བའི་མཆོག། སྔགས་བཞི་ཕྱག་རྒྱ་འཆང་བ་ཕུན་སུམ་ཚོགས།། རབ་མཛེས་མཁའ་ལ་གཤེགས་ཤིང་རབ་ཏུ་རྒྱུ།། སྲིད
331b2 གསུམ་ཉི་མ་གཅིག་པུ་འོད་སྟོར་མངའ།། རི་ཧེར་འཆར་བ་བདལ་ལེགས་བཀྲ་ཤིས་པ།། ཡོན་ཏན་མཐུ་སྟོབས་ཁྱད་པར་རྣམ་པར་གྲགས།། ནོར་བུ་ཆེན་པོ་ནོར་སྡུག་ནོན་བུའི་འོ།། ཉི་མའི་ནོར་བུའི་ཚུལ་སྤྱོད་ནོར
331b3 བུ་འབར།། ཡིད་བཞིན་ནོར་བུ་འགྲོ་ཀུན་མགོན་གཅིག་པ།། ནམ་མཁའི་དཀྱིལ་ན་ནོར་བུ་གཅིག་སྣང་ལྟར།། སེམས་ཅན་རྣམ་དག་ཡངས་ཤིང་རྣམ་པར་གྲགས།། སྲིད་གསུམ་སྲུངས་མ་གཅིག་པུ་རྒྱལ
331b4 སྲས་མཆོག། ཞི་བ་རབ་ཏུ་ཞི་ལ་སྐྱབས་འོས་སྟག། སྐྱེ་དགུའི་བདག་པོ་པད་འབྱུང་པད་མ་སྐྱེས།། ཀུན་ནས་འོད་བཟང་ལེགས་བཤད་ཆོས་མངའ་བ།། དར་བ་ལེགས་བཤད་རབ་དུལ་ལེགས
331b5 བཤད་ཕྱག། བློ་བཟང་འོད་བཟང་བདེ་ལྡན་སྐྱེ་གནས་བཟ། ང།། མཁས་རབ་ཞི་རབ་མཆོག་གོ་ཆོས་དང་ལྡན།། ཞི་མ། ཛད་རྒྱལ་འབྱུང་བདེ་བ་འབྱུང་བའི་གནས།། འོད་ཀྱི་འབྱུང
331b6 གནས་བདེ་མཛད་དབང་དུ་མཛད།། ལེགས་འབྱུང་ཤེས་རབ་འབྱུང་གནས་སྟོབས་སྐྱེད་པ།། སྙིང་རྗེའི་འབྱུང་གནས་བློ་བཟང་རྣམ་གྲགས་མཛད།། རྣམ་གྲོལ་དེས་གྲོལ་ཤིན་ཏུ་གྲོལ་བའི
331b7 བྲོ།། བློ་ཡངས་རྣམ་པར་བཀྲམ་ཞིང་རྣམ་པར་གྲགས།། ཀུན་ཏུ་ལོངས་སྤྱོད་སྒོ་སྟེ་བློའི་མཆོག། བློ་གྲོས་བརྟན་པ་དཀོན་མཆོག་གསུམ་ལས་བསྒྲུབས།། སངས་རྒྱས་པད་མ་འདབ་རྒྱས་འདྲ་བའི་ཞལ།
331b8 དག་ཅིང་སྤྱན་ཡངས་ཆ་ལུགས་ཡིད་དུ་འཐད། སྙིང་པོ་གསལ་བའི་སྙིང་པོ་བརྟན་ཞིང་དུལ། ངོ་བོ་ཉིད་ཀྱི་རྒྱུན་བརྙེས་རབ་གསལ་བ།། སྤྱན་ཟུར་མདའ་ནི་རབ་ཏུ་ལ་གཏད་ལེགས་པ། འཇིགས
331b9 མྱེད་ཞལ་རས་སྟོན་གྱི་ཟླ་བ་འདྲ།། མུ་དང་ཐུར་བརྒྱའི་མཚོན་ཐོགས་མཚོན་ཆ་རྫོགས།། དྲག་པོ་འཇོམས་པ་སྡིག་སེལ་གསུམ་ལས་སྐྱེས།། རབ་ཐུལ་མཁས་པ་འགྲོགས་དགའ་འདྲིས་པར་སླ། རབ་ཏུ་དག་པ་གཉེ་རབ་གས་མདོག་ཅན




iiif viewer powered by OpenSeadragon

331a - 332a

Texts on this page

Ng28.55 - 'phags pa nam mkha'i snying po'i mtshan brgya rtsa brgyad pa gzungs sngags dang bcas pa
Ng28.56 - 'phags pa sdong po rgyan gyi mchog ces bya ba'i gzungs