| e-texts navigator |
| Wylie |
185b1 བཞག་སྟེ། ཕྱག་བཅབས་པར་རིག་ནས། སྟན་ཤིན་ཏུ་དམའ་བ་དག་བླངས་ཏེ། ཆོས་མཉམ་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ཚོང་པ་རབ་ཏུ་མང་པོ་དག་གི
185b2 སྦྱིར་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་མཛད་དོ།། ཚོང་བ་ཟས་དང་སྐོམ་དག་ཀྱིས། དགེ་སློང་དགེ་འདུན་བཤོས་གསོལ་བ།། རབ་ཏུ་ཤེས་ནས་གཏོང་བའི།། བློ་ལྡན་འཕགས་པ་གང་བྱེད་བཞིན
185b3 སྦྱིན་པ་བདེ་ལེགས་རྗོད་པའི།། ཚོང་བ་ཁྱེད་ཀྱིས་སྦྱིན་པས་ན།། ཁྱེད་ཅག་དོན་གང་ལེགས་འདོད་པའི།། ཁྱེད་ཀྱི་དོན་དེ་རྟག་གྲུབ་ཤོག། ཁྱེད་ཀྱི་གཉིས་བདེ་ལེགས་ཤིང་།། ཁྱེད་ཀྱི་རྐང་བཞི་བདེ་ལེགས་ཤོག། ཁྱེད་ཅག
185b4 ལམ་ཞུགས་བདེ་ལེགས་ཤིང་།། ཕྱིར་ལྡོག་པ་ནའང་བདེ་ལེགས་ཤོག། མཚན་མོ་བདེ་ལེགས་ཉིན་བདེ་ལེགས།། ཉི་མ་གུད་ལ་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་ཏུ་བདེ་ལེགས་ལ།། ཁྱེད་ལ་སྡིག་པ་མ་འབྱུང་ཤིག།
185b5 ཇི་ལྟར་ཞིང་ནི་ཕུན་སུམ་ལ།། ས་བོན་ཕུན་སུམ་ཚོགས་བཏབ་ཅིང་།། ཆར་པ་ཕུན་སུམ་ཚོགས་ཀྱུར་ད་ན།། ལོ་ཏོག་ཕུན་སུམ་ཚོག། ས་པར་འགྱུར།། གནས་མྱེད་ཕུན་སུམ་ཚོགས་གྱུར་ཅིང་།། སྐྱེ་བ
185b6 ཕུན་སུམ་ཚོགས་པ་ལ།། རྒྱས་པ་ཕུན་སུམ་ཚོགས་གྱུར་ན། ལོ་ཏོག་ཕུན་སུམ་ཚོགས་འགྱུར་ལྟར།། དེ་བཞིན་ཚུལ་ཁྲིམས་ཕུན་ཚོགས་ལ།། ཁ་ཟས་ཕུན་སུམ་ཚོགས་བྱིར་ཞིང་།། ཕུན་སུམ
185b7 ཚོགས་བྱིད་དེ་བྱས་ན། ཕུན་སུམ་ཚོགས་པ་གྲུབ་པར་འགྱུར།། དེ་ཕྱིར་ཕུན་སུམ་ཚོགས་འདོད་ཅིང་།། ཕུན་ཚོགས་དོན་གཉེར་གང་ཟག་གིས།། ཤེས་རབ་ཕུན་ཚོགས་བསྟེར་གྱུར་ང་ན།། དེས་ནི་ཕུན་སུམ་ཚོགས་པ་གྲུབ།
185b8 དེ་ཕྱིར་ཐ་མྱེད་སངས་རྒྱས་དང་།། ཆོས་དང་དགེ་འདུན་དག་ལ་ནི།། བརྟན་པ་དད་པ་བསྐྱེད་བྱེད་པ།། དེ་སེམས་ཕུན་སུམ་ཚོགས་པར་འགྱུར།། རིག་དང་ཞབས་སུ་ལྡན་པ་ལ།། ཕུན་སུམ་ཚོགས་པའི
185b9 སེམས་ཐོབ་ནས།། དགེ་བའི་ལས་རྣམས་བྱེད་གྱུར་པ།། དེ་ནི་ཕུན་སུམ་ཚོགས་པའི་ལས།། འཇིག་རྟེན་ཡང་དག་བཞིན་ཤེས་མ། ལྟ་བ་ཕུན་སུམ་ཚོགས་པ་འཐོབ།། འཕགས་ཤིང་མཐོང་བ་ཕུན་ཚོགས་མ།